University of Wisconsin–Madison

སློབ་གླིང་གིས་རིས་མེད་སྣ་འཛོམས་ཐོག་སྤེལ་བའི་བསྒྲགས་གཏམ།

རིས་མེད་སྣ་འཛོམས་ནི་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ (མལ་སྒྲི་སིན་) གྱི་སྟོབས་ཤུགས་དང་། གསར་གཏོད། ལེགས་བཅོས་ཀྱི་འབྱུང་ཁུངས་ཡིན། ང་ཚོས་གཙུག་ལག་ སློབ་ཆེན་གྱི་ཚོགས་སྡེ་འདི་ཕུན་སུམ་ཚོགས་པ་ཞིག་གཏོང་ཆེད་མི་རེ་ངོ་རེའི་བྱས་རྗེས་ལ་གདེང་འཇོག་དང་ཁོ་ཚོའི་ངོ་རྟགས་དང་། རིག་གཞུང་། རྒྱབ་ལྗོངས། ཉམས་མྱོང་། གནས་ བབ། ནུས་པ། ལྟ་ཚུལ་བཅས་ལ་ཁ་ཞེ་གཉིས་མེད་ཀྱིས་བརྩི་བཀུར་ཆེན་པོ་ཞུ་བཞིན་ཡོད། དེ་མ་ཟད་ང་ཚོས་ནམ་ཡང་ཁ་འབྲལ་ཐབས་མེད་པའི་དམིགས་ཡུལ་ཏེ་སློབ་ཁྲིད་དང་། ཞིབ་འཇུག ཞབས་ཞུ་རྒྱ་སྐྱེད། རིས་མེད་སྣ་འཛོམས་བཅས་ཀྱི་ལས་དོན་ཁྱད་འཕགས་ཡོང་བར་འབད་བརྩོན་ལྷུར་མེད་བྱེད་ཀྱི་ཡིན།

ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ (མལ་སྒྲི་སིན་) གྱིས་ཝི་སི་ཀོན་སིན་དང་འཛམ་གླིང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་མཁན་རྒྱབ་ལྗོངས་མི་འདྲ་བའི་སློབ་ཕྲུག་དང་། དགེ་རྒན། ལས་བྱེད་བཅས་ཀྱིས་གྲུབ་པའི་མི་དམངས་ཀྱི་ཆེད་དུ་དགའ་བསུ་དང་ཡོངས་ཚུད་ཅན་གྱི་ཚོགས་སྡེ་ཞིག་བསྐྲུན་ནས་སོ་སོའི་གཞུང་དམངས་ཀྱི་དམིགས་ཡུལ་བསྒྲུབ་ཀྱི་ཡོད།

ངེས་ཚིག་འགྲེལ་བརྗོད།

མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ (Engagement, Inclusion and Diversity) ཀྱིས་ཅི་ཞིག་མཚོན་གྱི་ཡོད་པ་དང་དེ་དག་གིས་ང་ཚོའི་ཉིན་རེའི་ལས་ཀར་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་པའི་ཐད་ང་ཚོར་ཐུན་མོང་གི་ཤེས་རྟོགས་ཤིག་ངེས་པར་དུ་ཡོད་དགོས།

  • མཉམ་ཞུགས།

    ལས་བྱེད་ཚོར་གཙུག་ལག་སློབ་ཆེན་གྱིས་མཐོང་ཆེན་བྱེད་ཀྱི་ཡོད་པའི་ཚོར་སྣང་ཡོད་དགོས་པ་དང་། ཁོ་ཚོས་སོ་སོའི་ལས་ཀར་སྤོབས་པ་སྐྱེ་བ་དང་དོན་སྙིང་ལྡན་པ་ཤེས་ཡོད།

  • ཡོངས་ཚུད།

    ལས་བྱེད་ཚོར་རང་ཉིད་གང་ཞིག་ལ་གཏོགས་པའི་ཚོར་སྣང་སླེབས་དགོས། དེ་ལྟར་ཁོ་ཚོ་རང་ཉིད་ཀྱི་མི་གཞི་དང་གཙུག་ལག་སློབ་ཆེན་ལ་ཞབས་འདེགས་ཞུ་བར་བརྩི་མཐོང་ཡོད་པའི་ཚོར་སྣང་ཡོང་གི་ཡོད་པ་མ་ཟད། ཁོ་ཚོས་འཕྱར་གྲུ་མཉམ་འདེགས་ཀྱིས་གེགས་བར་ཆད་དང་སྐྱོན་སླད་ཅན་གྱི་ཕྱོགས་ལྷུང་གི་རྣམ་པ་མེད་པ་བཟོས་ཏེ་ལས་དོན་གྱི་ཆེད་དུ་རང་གི་ནུས་པ་གཟེངས་སུ་འདོན་ཐུབ།

  • རིས་མེད་སྣ་འཛོམས།

    ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ (མལ་སྒྲི་སིན་) གྱི་ལས་བྱེད་ཚོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་མཚོན་བྱེད་ཡོད་པར། དེ་དག་ནི་ནུས་པ་དང་། ལོ་ན། དད་མོས། ཤེས་ཡོན། མི་རིགས། ཉམས་མྱོང་། ལུས་རྟེན། གཉེན་སྒྲིག་གནས་སྟངས། རྒྱལ་ཁོངས། ལུས་སེམས་ཀྱི་ཁམས་དང་མོས་པ། ལུས་འབྲེལ་འདོད་མོས། ནང་སེམས། རིགས་རྒྱུད། རིན་ཐང་སོགས་ཡིན།

ལོ་རྒྱུས་དང་དམིགས་ཡུལ

ཕྱི་ལོ་ ༢༠༡༡ ལ་དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པ་ [Vice Chancellor for Finance and Administration (VCFA)] ཡིས་སློབ་གྲྭའི་ ཐབས་བྱུས་རང་བཞིན་གྱི་ལས་དོན་སྒྲོམ་གཞི་ལ་བརྟེན་ནས་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ [Engagement, Inclusion and Diversity (EID)] ལས་གཞི་ཞིག་འགོ་འཛུགས་གནང་ཡོད།

མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས (EID) ལས་གཞི་འདིས་ཕུལ་བྱུང་དང་སྣ་འཛོམས་ཅན་གྱི་དགེ་རྒན་དང་ལས་བྱེད་ཀྱི་དཔུང་སྡེ་སྐོང་འགུག་དང་ཉར་འཛིན་བྱ་རྒྱུའི་ང་ཚོའི་དམིགས་ཡུལ་བསྒྲུབ་ཀྱི་ཡོད་པ་མ་ཟད། ལས་བྱེད་ཚང་མར་དགའ་བསུ་དང་། ཆེ་མཐོང་། ནང་འཚུད། ཉན་འཇོག་བྱེད་ཡུལ་གྱི་ཚོགས་སྡེའི་ཁོར་ཡུག་ཅིག་བསྐྲུན་པར་རོགས་ཕན་བྱེད་ཀྱི་ཡོད།

ང་ཚོས་ངེས་པར་དུ་མི་སྒེར་དང་ཚོགས་སྡེའི་ངོ་བོ་སྟེང་ནས་མི་རེ་ངོ་རེའི་ནུས་ཤུགས་དང་སྣ་མང་ཅན་གྱི་ལྟ་ཚུལ་རྣམས་དང་དུ་ལེན་དགོས། འདི་ལྟར་ང་ཚོས་འགྲན་རྩོད་དང་གོ་ལ་ཅན་དུ་འཕེལ་འགྱུར་འགྲོ་མགྱོགས་པའི་ཁོར་ཡུག་ཁྲོད་ནས་ཆེས་ཕུལ་བྱུང་ཅན་གྱི་དགེ་རྒན་དང་ལས་བྱེད་སྐོང་འགུག་དང་ཉར་འཛིན་བྱ་རྒྱུར་ཕན་ཐོགས་ཡོད།

མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ (EID) ཀྱི་རྩ་དོན།

མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ (EID) ཀྱི་རྩ་དོན་གྱིས་ང་ཚོར་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ཀྱི་དམིགས་ཡུལ་བསྒྲུབ་པར་གཅིག་གྱུར་གྱི་དམིགས་ཚད་དང་། སྐད་ཡིག རེ་འདུན། ཐབས་ལམ་མཁོ་སྤྲོད་བྱེད་པ་མ་ཟད། སློབ་གྲྭའི་ཁུལ་དུ་བདེ་ཐང་དང་། ཡོངས་ཚུད། མཉམ་ཞུགས་ཀྱི་རྣམ་པ་ཡོད་པའི་ལས་ཀ་བྱེད་ཡུལ་ཞིག་བསྐྲུན་པར་ང་ཚོར་ལམ་སྟོན་ཡང་བྱེད།

དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པའི་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ལྷན་ཚོགས་ (VCFA EID Council) དང་། མཉམ་ཞུགས་ དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ཚོགས་ཆུང་ (EID committees) ། དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པ་ཡི་འགོ་འཛིན་ལྷན་རྒྱས (VCFA directors) ། སློབ་གྲྭའི་མཉམ་ལས་བྱེད་མཁན་བཅས་ཟུང་འབྲེལ་གྱིས་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ཀྱི་རྩ་དོན་བཟོ་འགོད་བྱེད་ཀྱི་ཡོད།

ལས་འགན་དང་འགན་འཁྲི་མཉམ་འཁུར་གྱི་ལྟ་བ་གོང་སྤེལ།

  • ང་ཚོས་ལས་བྱེད་ཡོངས་ཀྱིས་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ཀྱི་རིན་ཐང་དང་ལས་ཀ་བྱ་ཡུལ་གྱི་གནས་སྟངས་ཡར་རྒྱས་ཇི་ལྟར་གཏོང་ཐུབ་པའི་ སྐོར་ཤེས་རྟོགས་བྱེད་པའི་ཁོར་ཡུག་ཅིག་སྐྲུན་གྱི་ཡོད།
  • ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ (མལ་སྒྲི་སིན་) གྱི་རིམ་པ་མི་འདྲ་བའི་ལས་བྱེད་ཡོངས་ཀྱིས་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ (EID) ཀྱི་རྩ་དོན་དང་ཐབས་བྱུས་ལ་རྒྱབ་སྐྱོར་དང་། དཔེ་སྟོན། མི་རེར་ངོ་རེར་འགན་འཁྲི་ཡོད་པར་ང་ཚོས་རེ་བ་རྒྱག་གི་ཡོད།

རིས་མེད་སྣ་འཛོམས་ཀྱི་བྱ་བ་གོང་སྤེལ་དང་། ཇེ་ལེགས། ལག་ལེན་བྱ་རྒྱུ།

  • ང་ཚོས་ལས་བྱེད་དཔུང་ཁག་རིས་མེད་སྣ་འཛོམས་ཡོང་བ་དང་ཇེ་ལེགས་སུ་གཏོང་བའི་བྱ་བ་བསྒྲུབ་ཀྱི་ཡོད།
  • ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ (མལ་སྒྲི་སིན་) དུ་ལས་བྱེད་ཚོའི་ཐུན་མོང་མ་ཡིན་པའི་ཉམས་མྱོང་དང་ནུས་ཤུགས་བཀོལ་སྤྱོད་བྱ་རྒྱུར་ང་ཚོས་རང་ཉིད་ཀྱི་ལས་ བྱེད་དཔུང་ཁག་སྣ་འཛོམས་ཡོང་ཐབས་བྱེད་ཀྱི་ཡོད།
  • ང་ཚོས་བར་ཁྱད་ཐད་བགྲོ་གླེང་བྱ་རྒྱུར་སྐུལ་མ་བྱེད་ཀྱི་ཡོད། བར་ཁྱད་ཐད་ཕན་ཚུན་བསམ་ཤེས་བྱ་རྒྱུར་དུས་ཚོད་བཏང་ཚེ་ང་ཚོ་རང་ཉིད་ཀྱི་ལས་དོན་བསྒྲུབ་པར་ཕན་ཐོགས་ཡོད་པ་མ་ཟད། ཇི་ལྟར་ཕྱི་ནང་གི་བར་ཁྱད་ལ་བརྩི་མཐོང་བྱེད་པ་དེ་ཙམ་གྱིས་ང་ཚོ་ཚང་མས་ཆ་ཤས་ཡོངས་སུ་ལེན་ཐུབ་པ་ཡིན།

ཡོངས་ཚུད་དང་ཚོགས་སྡེའི་རྣམ་པ་ཞིག་བསྐྲུན་རྒྱུ།

  • ང་ཚོས་ཡོངས་ཚུད་དང་ཡིད་ཆེས་ཡོད་པའི་རྣམ་པ་ཞིག་བསྐྲུན་ཚེ་མི་རྣམས་ཀྱིས་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་ལས་ཀའི་ཐོག་འཁྱེར་ཡོང་འདོད་ཀྱི་བསམ་བློ་ཡོད།
  • ལས་བྱེད་རྣམས་ཀྱིས་སོ་སོའི་ལས་ཀ་དེ་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ (མལ་སྒྲི་སིན་) གྱི་ལས་དོན་ལམ་ལྷོང་ཡོང་རྒྱུར་གལ་ཆེན་ཡིན་པ་ཤེས་ཆེད་ང་ཚོས་ཡོངས་ཚུད་ཅན་གྱི་ལས་ཀའི་ཚོགས་སྡེ་རྩ་འཛུགས་བྱེད་ཀྱི་ཡོད།

འབྲེལ་མོལ་དང་ཕན་ཚུན་ཤེས་རྟོགས་གཏིང་ཇེ་ཟབ་དུ་གཏོང་རྒྱུ།

  • ང་ཚོས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ (མལ་སྒྲི་སིན་) གྱི་ལས་མི་ཡོངས་ཀྱི་བར་དུ་ཁ་གསལ་གོ་བདེ་དང་། གུ་ཡངས། འོས་མཐུན་གྱི་འབྲེལ་མོལ་བྱ་རྒྱུར་སྐུལ་མ་བྱེད་ཀྱི་ཡོད།
  • དོན་ཕན་ལྡན་པའི་འབྲེལ་མོལ་གྱིས་རུ་ཁག་རྣམས་ལ་ལས་ཀའི་ཐོག་ནུས་པ་འདོན་རོགས་དང་ལས་ཐོག་གི་འབྲེལ་ལམ་ཡག་ཏུ་གཏོང་བར་ཕན་གྲོགས་བྱེད་ཀྱི་ཡོད་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། རུ་ཁག་གི་ཁོངས་མི་ཚོས་ཇི་སྲིད་ཕན་ཚུན་བར་ཡིད་ཆེས་དང་ཤེས་རྟོགས་བྱེད་པ་དེ་ཙམ་གྱིས་བློ་རྒྱ་སྐྱེད་པ་དང་། བསམ་ཚུལ་འདོན་པ། དམིགས་ཡུལ་བཟོ་འགོད། གྲུབ་འབྲས་ཞིབ་བཤེར། ཉེན་ཁ་དང་ལེན། ཟུང་འབྲེལ་གྱི་ལས་གཞིར་མཉམ་ཞུགས་བྱ་རྒྱུ་སྟབས་བདེ་བཟོ་ཐུབ།

གོང་འཕེལ་དང་ཡར་རྒྱས་ཀྱི་གོ་སྐབས་བསྐྲུན་རྒྱུ་དང་ཇེ་ལེགས་སུ་གཏོང་རྒྱུ།

  • ང་ཚོས་ད་ཡོད་སློབ་གཉེར་དང་ཆེད་ལས་ཡར་རྒྱས་ཀྱི་གོ་སྐབས་གསར་བཟོ་བྱེད་པ་བརྒྱུད་ནས་ལས་བྱེད་རྣམས་སོ་སོའི་བྱ་བའི་ཐོག་གོང་འཕེལ་འགྲྲོ་ཐུབ་པ་དང་ལས་རོགས་ཚོའི་མཉམ་དུ་དོན་ཕན་ལྡན་པའི་འབྲེལ་མོལ་བྱེད་ཐུབ།
  • ལས་བྱེད་ཚོས་རང་ཉིད་མི་ཇི་འདྲ་ཞིག་ཡིན་པ་དང་། གཞན་ལ་ཤུགས་རྐྱེན་འཇོག་ཚུལ། ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ (མལ་སྒྲི་སིན་) དུ་ཡོད་པའི་སོ་སོའི་འོས་འགན་བཅས་ཤེས་རྟོགས་བྱེད་ཆེད་གོ་སྐབས་ལེན་པ་དང་མཉམ་ཞུགས་བྱ་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད།

དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པའི་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ལྷན་ཚོགས (VCFA EID Council)

ལྷན་ཚོགས་འདིས་དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པ་(VCFA) ཡི་ཁྱབ་ཁོངས་ལས་བརྒལ་བའི་སློབ་གྲྭའི་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ (EID) ཀྱི་ལས་དོན་འཕེལ་ཕྱོགས་དང་། དཀའ་ངལ། བྱེད་སྒོ་བཅས་ཀྱི་ཆེད་དུ་དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པ་(VCFA) ལ་ལམ་སྟོན་དང་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ (མལ་སྒྲི་སིན་) གྱི་སློབ་གྲྭའི་འཕེལ་ཕྱོགས་དང་རིས་མེད་སྣ་འཛོམས་ཀྱི་ལས་གཞི་ (Campus Climate and Diversity Framework) ལ་འབྲེལ་མཐུད་བྱེད་ཀྱི་ཡོད་པས། དེ་ནི་སྡེ་ཚན་ཁག་གི་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ཚོགས་ཆུང་ (EID committees) གིས་སྡེ་ཚན་ཁག་གི་དབུ་ འཛིན་ཚོར་ལམ་སྟོན་བྱེད་པ་དང་གཅིག་མཚུངས་ཆགས་ཡོད།

མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ལྷན་ཚོགས་ (EID Council) ཀྱིས་དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པ་(VCFA) ལ་ལས་དོན་སྙན་སེང་ཞུ་དགོས་པ་དང་། ལྷན་ཚོགས་དེ་ཡང་དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པའི་(VCFA) ཁྱབ་ཁོངས་ངོ་ཚབ་དང་། མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ལས་གཞིའི་ཁོངས་སུ་ཞུགས་མཁན་སྡེ་ཚན་གཞན་བཅས་ཀྱིས་གྲུབ་ཡོད།

ཚོགས་མི།

Lance Baldus

Conference Centers & Mail Services

Abby Diehl

University Recreation and Wellbeing

Melanie Drolsum

Administrative support (ex-officio)

Kelly Ignatoski

University Housing

Donovan Kron

Facilities Planning and Management

Louis Macias

UW Police Department

Kristen Roman

UW Police Department (co-chair)

Carmen Romero-González

Office of Human Resources (co-chair)

Suzanne Schlecht

Office of the VCFA

Susan Tran Degrand

EID Coordinator (ex-officio)

Megan Williams

Business Services

དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པའི་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ (VCFA EID) དང་འབྲེལ་བའི་ཕྱི་ལོ་ ༢༠༡༨ ནས་ ༢༠༢༠ བར་གྱི་ལས་དོན་གལ་ཆེན་ཁག

དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པའི་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ལྷན་ཚོགས་ (VCFA EID Council) ས་ཕྱི་ལོ་ ༢༠༡༨ ནས་ ༢༠༡༩ ཡི་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ཐད་ཀྱི་བསམ་ཚུལ་བསྡུ་ལེན་གྱི་ཕྱོགས་སྡོམ་གྲུབ་འབྲས་ལ་བསྐྱར་ཞིབ་དཔྱིས་ཕྱིན་པ་ཞིག་བྱས་པར། མཉམ་ ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་དང་འབྲེལ་བའི་བསམ་ཚུལ་བསྡུ་ལེན་ནང་ལ་ཞུགས་མཁན་ཚན་ཁག་སོ་སོའི་ཆེད་དུ་དོན་གཉེར་བྱེད་འོས་པའི་གཤམ་འཁོད་དོན་ཚན་རྣམས་གསལ་འདོན་བྱས་ཡོད།

གལ་ཆེན་ཁག་ ༡ །

འགོ་ཁྲིད་དང་། འགན་འཛིན། ལྟ་རྟོག་པ་རྣམས་ཀྱིས་རང་ཉིད་ཀྱི་འོས་འགན་ལ་ནུས་པ་ཐོན་པ་དང་། ལས་བྱེད་ཚོར་འབྲེལ་ཐུག་བྱེད་ཆོག་ཆོག་དང་འགན་འཁྲི་ཡོད་པ་བྱེད་ཆེད་མཐུན་རྐྱེན་དང་ནུས་རྩལ་མཐུན་སྦྱོར་བྱ་རྒྱུ།

གལ་ཆེན་ཁག་ ༢ །

ལས་བྱེད་ཚོས་རང་ཉིད་ཀྱི་ནུས་རྩལ་དང་བྱ་བ་གོང་འཕེལ་གཏོང་ཆེད་ཆེད་ལས་ཡར་རྒྱས་དང་སྦྱོང་བརྡར་གྱི་གོ་སྐབས་མཐུན་སྦྱོར་བྱ་རྒྱུ།

གལ་ཆེན་ཁག་ ༣ །

ལས་བྱེད་ཚོར་སོ་སོའི་ལས་ཀ་བྱ་ཡུལ་ཚན་པར་རང་འཁྲིའི་ལས་ཀར་ངོས་འཛིན་བརྩི་མཐོང་ཡོང་བ་དང་གནས་རིམ་འཕར་བའི་གོ་སྐབས་སྐོར་ཤེས་རྟོགས་ཡོད་པ།

གལ་ཆེན་ཁག་ ༤ །

སྲིད་ཇུས་རྣམས་མ་གོ་མ་ཐོས་མེད་པ་དང་། ཚང་མས་ལྟ་ཀློག་ཐུབ་པ། ལས་བྱེད་ཡོངས་ལ་ཕྱོགས་ལྷུང་མེད་པར་དྲང་བདེན་གྱིས་ལག་བསྟར་བྱ་རྒྱུ།

མཉམ་ཞུགས་བྱེད་མཁན་སྡེ་ཁག་ཡོངས་ཀྱིས་སོ་སོའི་ལས་དོན་གྱི་གལ་ཆེན་ཁག་ལ་བལྟས་ཏེ་ཕྱི་ལོ་ ༢༠༡༨ ནས་ ༢༠༡༩ ཡི་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ (EID) ཀྱི་འཆར་གཞི་བཟོ་འགོད་བྱ་རྒྱུའི་རེ་འདུན་ཞུས་ཡོད། སྡེ་ཁག་རྣམས་ཀྱིས་གལ་ཆེན་ཁག་དེ་དག་གི་ཆེད་དུ་དེ་མཚུངས་ཀྱི་བསྒྲུབ་བྱའི་དམིགས་ཡུལ་དང་གྲུབ་འབྲས་བཟོ་འདོན་བྱེད་ཐུབ་པ་དེ་སྲིད་བར་དུ་སོ་སོའི་ལས་དོན་ལ་བབ་པའི་གལ་གནད་ཆེ་བ་གང་མང་ངོས་འཛིན་བྱ་རྒྱུར་འབོད སྐུལ་ཞུས་ཡོད།

ཁས་ལེན་བྱེད་མཁན་ཚན་ཁག་ (Committed Units) དང་།་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ཚོགས་ཆུང་ (EID Committees)

ཚན་ཁག་འདི་དག་གིས་དེང་སྐབས་དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པའི་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ (VCFA EID) ལས་གཞིའི་ཆ་ཤས་ལེན་གྱི་ཡོད་པ་དང་། ཚན་ཁག་མང་ཆེ་བ་ཞིག་གིས་དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པའི་ཁྱབ་ཁོངས་ཡོངས་ཀྱི་ལོ གཉིས་རེའི་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ཀྱི་བསམ་ཚུལ་བསྡུ་ལེན་བྱ་བར་མཉམ་ཞུགས་དང་སོ་སོའི་སྡེ་ཁག་དང་འབྲེལ་བའི་མཉམ་ཞུགས དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ལསརིམ་དང་ལས་གཞི་བཟོ་འགོད་བྱས་ཡོད།

  • Administrative Information Management Services (AIMS)
  • Business Services
  • Conference Centers & Mail Services
  • Facilities Planning & Management (FP&M)
  • Madison Budget Office
  • Office of Human Resources (OHR)
  • Office of the Vice Chancellor for Finance and Administration (VCFA)
  • University Housing
  • University Police Department (UWPD)
  • University Recreation and Wellbeing

མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ (EID) ཀྱི་བསམ་ཚུལ་བསྡུ་ལེན།

བསམ་ཚུལ་བསྡུ་ལེན་གྱི་བྱུང་རིམ།

ཕྱི་ལོ་ ༢༠༡༢ ལ་དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པའི་ (VCFA) ཡིག་ཚང་གིས་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས ཀྱི་བསམ་ཚུལ་བསྡུ་ལེན་ཐོག་མ་བྱས་ཡོད། དེ་ཡང་དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པའི་ཡིག་ཚང་གི་ཁྱབ་ཁོངས་སྡེ་ཁག་སོ་སོས་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ཀྱི་བྱ་བ་ཇི་འདྲ་བསྒྲུབས་ཡོད་པའི་སྐོར་གྱི་གཞི་རྩའི་གནས་ཚུལ་བསྡུ་རུབ་བྱ་རྒྱུའི་ཆེད་དུ་ཡིན།

Merit Systems Protection Board དང་དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པའི་(VCFA) ཡིག་ཚང་གི་རིས་མེད་སྣ་འཛོམས་དང་ཡོངས་ཚུད་ཐོ་གྲངས་ཀྱི་སྡོམ་རྩིས་ཚད་མཇལ་བྱེད་ཚུལ་ལ་བརྟེན་ནས་དྲི་བ་བཟོ་འདོན་བྱས་ཤིང་། ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ཕྱི་ལོགས་ཀྱི་འགན་ལེན་ལས་ཁུངས་ཤིག་གིས་བསམ་ཚུལ་བསྡུ་ལེན་བྱེད་ཐེངས་དང་པོ་ལག་བསྟར་དང་། ཕྱོགས་སྡོམ། སྙན་ཐོ་བཏོན་ཡོད་པ་རེད།

ལས་བྱེད་བདག་གཉེར་ཡིག་ཚང་དང་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་བསམ་ཚུལ་བསྡུ་ལེན་ལྟེ་གནས་ (University of Wisconsin Survey Center) ཀྱིས་ཕྱི་ལོ་ ༢༠༡༤ དང་། ༢༠༡༦ ། ༢༠༡༨ བཅས་ལ་བསམ་ཚུལ་བསྡུ་ལེན་རིམ་པར་བྱས་ཡོད། ཐེངས་རེར་དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པའི་ (VCFA) ཡིག་ཚང་གིས་བསམ་ཚུལ་བསྡུ་ལེན་དྲི་ཤོག་ལ་འགྱུར་བ་ཅུང་ཟད་བཏང་ཡོད་ནའང་དྲི་བ་གལ་ཆེན་རྣམས་སྔར་བཞིན་བཞག་སྟེ་སྡེ་ཁག་སོ་སོས་བསམ་ཤོག་གི་གྲུབ་འབྲས་ལ་དུས་ནས་དུས་སུ་རྟོག་ཞིབ་བྱེད་ཐུབ། དཔེར་ན། ཕྱི་ལོ་ ༢༠༡༨ ལ་ཕྱི་ལོ་ ༢༠༡༦ གི་བསམ་ཚུལ་བསྡུ་ལེན་གྱི་དྲི་བ་རྣམས་གཅིག་མཚུངས་ཀྱིས་སྤྱད་དེ། ལས་བྱེད་ཀྱི་འཕྲོད་བསྟེན་བདེ་ཐང་དང་འབྲེལ་བའི་དྲི་བ་གཉིས་མ་གཏོགས་ཁ་སྣོན་བྱས་མེད།

བསམ་ཚུལ་བསྡུ་ལེན་གྱིས་དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པའི་ (VCFA) སྡེ་ཁག་ལ་མཉམ་ཞུགས་དང་། ཡོངས་ཚུད། རིས་མེད་སྣ་འཛོམས་ (EID) ལས་དོན་གོང་འཕེལ་འགྲོ་བར་གལ་ཆེའི་གནས་ཚུལ་མཁོ་འདོན་བྱས་ཡོད། ང་ཚོས་བསམ་ཚུལ་བསྡུ་ལེན་འདི་མུ་མཐུད་བེད་སྤྱོད་ཀྱིས་ལས་བྱེད་ཚོའི་མཉམ་ཞུགས་དང་། རིས་མེད་སྣ་འཛོམས། ཡོངས་ཚུད། བདེ་ཐང་གི་གནས་ཚུལ་རྟོག་ཞིབ་བྱས་ཏེ་དུས་ནས་དུས་སུ་བསམ་ཤོག་གི་གྲུབ་འབྲས་ཁག་ཞིབ་བསྡུར་བྱེད་ཐུབ་པ་དང་བསམ་ཚུལ་བསྡུ་ལེན་གྱི་གྲུབ་འབྲས་ལ་བརྟེན་ནས་ང་ཚོས་བསྒྱུར་བཅོས་བྱ་རྒྱུར་ཕན་ཐོགས་ཡོད་མེད་ཐག་གཅོད་བྱེད་ཐུབ།

གསང་རྒྱ།

  • བསམ་ཚུལ་བསྡུ་ལེན་གྱི་ལན་འདེབས་ཚང་མ་གསང་རྒྱ་བྱེད་ཀྱི་ཡོད།
  • མི་སྒེར་གྱི་ལན་འདེབས་རྣམས་ལས་བྱེད་ཀྱི་མིང་ལ་སྦྱར་མཐུད་བྱེད་ཀྱི་མེད།
  • ང་ཚོས་སྡེ་ཁག་དང་ལས་མིའི་རུ་ཁག་ལ་གཞིར་བཞག་སྟེ་བསམ་ཚུལ་བསྡུ་ལེན་གྱི་ཕྱོགས་སྡོམ་གྲུབ་འབྲས་མཁོ་སྤྲོད་བྱེད་ཀྱི་ཡོད།

བསམ་ཚུལ་བསྡུ་ལེན་བྱེད་ཚུལ།

ཕྱི་ལོ་ ༢༠༡༨ ཀྱི་བསམ་ཚུལ་བསྡུ་ལེན་ལ་དྲི་བ་ ༤༧ ཡོད། མཉམ་ཞུགས་བྱེད་མཁན་ཚོས་གྲངས་ཚད་ ༡ (“མོས་མཐུན་རྦད་དེ་མེད”) ནས་གྲངས་ཚད་ ༥ (“མོས་མཐུན་རྦད་དེ་ཡོད”) ལ་གཞི་བཟུང་སྟེ་ལན་འདེབས་བྱས་ཡོད། གཞན་བསམ་ཚུལ་བསྡུ་ལེན་ཁོངས་སུ་རྒྱས་བཤད་ཆོག་ཅིང་དོན་སྙིང་ལྡན་པའི་གནས་ཚུལ་ཆེད་དུ་གུ་ཡངས་ཅན་ (open-ended) གྱི་དྲི་བ་གཅིག་ཡོད།

བསམ་ཚུལ་བསྡུ་ལེན་གྱིས་གཤམ་འཁོད་བརྗོད་གཞི་ཁག་གི་འབྲེལ་ཆགས་དོན་གནད་དང་གནས་ཚུལ་འཕར་མ་འཚོལ་སྒྲུབ་བྱེད་ཀྱི་ཡོད།

  • ལས་ཀ་བྱེད་ཡུལ་ཁོར་ཡུག
  • ལས་རོགས་བར་གྱི་མཐུན་ལམ།
  • ཐབས་ལམ་དང་གོ་སྐབས།
  • ལས་ཀ་བྱེད་ཡུལ་རུ་ཁག
  • ལྟ་རྟོག་པ།
  • ཁྱོན་ཡོངས་ཉམས་མྱོང་།

བསམ་ཚུལ་བསྡུ་ལེན་གྱི་གྲུབ་འབྲས།

ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་བསམ་ཚུལ་བསྡུ་ལེན་ལྟེ་གནས་ (UW Survey Center) ཀྱིས་བསམ་ཚུལ་བསྡུ་ལེན་ནང་ཞུགས་མཁན་སྡེ་ཁག་སོ་སོར་དྲི་བ་རེ་རེའི་ལན་འདེབས་གྲུབ་འབྲས་རེ་རེ་བཞིན་མཁོ་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད། ཁོ་ཚོས་སྡེ་ཁག་ཆེ་བ་ནང་ཁུལ་གྱི་སྡེ་ཚན་ཆུང་བའམ་ཚན་པ་ཆུང་བའི་ཆེད་དུ་ལན་འདེབས་གྲུབ་འབྲས་རྣམས་ལོགས་སུ་བགར་ཐུབ། ཡིན་ནའང་སྡེ་ཚན་ཆུང་བའམ་ཚན་པ་ཆུང་བར་ཉུང་མཐར་ལས་བྱེད་ངོ་གྲངས་ ༡༠ ཡོད་ཁོངས་ནས་ལས་བྱེད་ངོ་གྲངས་ ༥ ཡིས་བསམ་ཚུལ་བསྡུ་ལེན་ཆ་ཚང་ལ་ལན་འདེབས་བྱས་ཡོད་ན་མ་གཏོགས་ལོགས་སུ་བགར་མི་ཐུབ། ཚད་བཀག་དེ་ཡིས་ལས་བྱེད་ཚོའི་ངོ་རྟགས་སྲུང་སྐྱོབ་བྱེད་ཀྱི་ཡོད །

ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་བསམ་ཚུལ་བསྡུ་ལེན་ལྟེ་གནས་ (UW Survey Center) ཀྱིས་ཚད་གཞི་ ༣ གྱི་སྟེང་སྙན་ཐོ་འདོན་འབུལ་བྱེད་ཀྱི་ཡོད།

  • ལས་བྱེད་མཉམ་ཞུགས་བྱེད་ཚད་རྟོག་ཞིབ་བྱེད་ཆེད་བཟོ་འདོན་བྱས་པའི་བསམ་ཚུལ་བསྡུ་ལེན་གྱི་ཚིག་བརྗོད་ ༡༦ གཞིར་བཟུང་གི་མཉམ་ཞུགས་གྲངས་ཐོ།
  • ཡོངས་ཚུད་ཀྱི་རྣམ་པ་མཚོན་ཆེད་བཟོ་འདོན་བྱས་པའི་བསམ་ཚུལ་བསྡུ་ལེན་གྱི་ཚིག་བརྗོད་ ༡༥ གཞིར་བཟུང་གི་རིས་མེད་སྣ་འཛོམས་དང་ཡོངས ཚུད་གྲངས་ཐོ།
  • ལས་བྱེད་འདོད་བློ་ཁེངས་ངེས་ཀྱི་ཚད་གཞི་ཞིབ་བཤེར་བྱེད་ཆེད་བཟོ་འདོན་བྱས་པའི་བསམ་ཚུལ་བསྡུ་ལེན་གྱི་ཚིག་བརྗོད་ ༣ གཞིར་བཟུང་གི་འདོད བློ་ཁེངས་ངེས་གྲངས་ཐོ།