དགྲར་འཛིན་ཞེ་སྡང་དང་འཇིགས་སྐུལ་བྱ་སྤྱོད་ལ་མཚམས་རེར་མགྱོགས་བྲིས་སུ་ “དབང་ཡོད་ཐུབ་ཚོད་ bullying ” ཅེས་འབོད་པ་དང་། དེ་ཡང་གཙུག་ལག་སློབ་ཆེན་གྱི་སྲིད་ཇུས་ཁོངས་སུ་ “རྣམ་དཔྱོད་ལྡན་པའི་མི་ཞིག་གིས་དགྲར་འཛིན་ཞེ་སྡང་དང་ཡང་ན་འཇིགས་སྐུལ་རང་བཞིན་ཡིན་པ་དང་གཙུག་ལག་སློབ་ཆེན་གྱི་རིག་གནས་སློབ་གཉེར་རམ་ལས་དོན་ལ་ཕན་ཐོགས་མེད་པར་མཐོང་ཞིང་ངོས་ལེན་བྱེད་དཀའ་བའི་བྱ་སྤྱོད་རྒྱུན་འབྱམས་ཅན་ནམ་ཚབས་ཆེན་ཞིག་” ལ་གོ་དགོས་ཀྱི་ཡོད།
དགྲར་འཛིན་ཞེ་སྡང་དང་འཇིགས་སྐུལ་བྱ་སྤྱོད་དེ་དག་གཞུང་དང་སྒེར་གཉེར་ལས་ཁུངས་དང་། མཐོ་སློབ་དང་གཙུག་ལག་སློབ་ཆེན་གང་སར་འབྱུང་སྲིད་པ་ཞིག་རེད། ཐ་ན་མི་སྒེར་ཞིག་གི་བྱ་སྤྱོད་འདི་ལྟ་བུ་ཙམ་གྱིས་ཀྱང་མི་ཞིག་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་པ་དང་། ལུས་སེམས་གཉིས་ཀར་དཀའ་ངལ་སྤྲོད་པ། མི་ཞིག་གི་ལས་ཆོད་ཇེ་ཞན་དུ་གཏོང་བ། མི་གཅིག་གམ་ཚོགས་པ་ཞིག་གི་བྱ་བ་བསྒྲུབ་པའི་ནུས་པར་འགོག་རྐྱེན་བཟོ་བ་བཅས་བྱེད་ཐུབ་ཀྱི་ཡོད། དེར་བརྟེན་བདེ་ཐང་མིན་པའི་ལས་ཀ་བྱེད་སའི་ཁོར་ཡུག་དང་གནས་སྟངས་ཡོད་ངེས་ཅན་ཡིན་ཚེ་དེ་དོན་འཕྲལ་དུ་ཐག་གཅོད་བྱེད་འོས་བྱེད་དགོས།
དགྲར་འཛིན་ཞེ་སྡང་དང་འཇིགས་སྐུལ་བྱ་སྤྱོད་དེ་དག་དགེ་རྒན་་དང་དགེ་རྒན་དང་། དགེ་རྒན་དང་ལས་བྱེད་ལྟ་བུའི་ལས་གནས་གང་རུང་བར་དུ། དབང་ཤུགས་ཆེ་ཆུང་གི་ཁྱད་པར། གཙུག་ལག་སློབ་ཆེན་གྱི་ཁྱབ་ཁོངས་(ཡིག་ཚང་དང་། ཚོད་ལྟ་ཁང་། བར་ཁྱམས། ཚོགས་འདུ་བཅས་དང་། མི་མང་པོའི་བར་འམ་མི་གཉིས་ཀྱི་བར་དུའང་འབྱུང་སྲིད)གང་རུང་ཞིག་ཏུ་འབྱུང་སྲིད་པ་ཞིག་རེད། དུས་ནམ་དང་ཇི་ལྟར་འབྱུང་གི་ཡོད་མེད་ལ་བལྟོས་པར་དེ་དོན་ཐག་གཅོད་དང་ཡོ་བསྲང་ངེས་པར་དུ་བྱེད་དགོས་པ་དང་། དགྲར་འཛིན་ཞེ་སྡང་དང་འཇིགས་སྐུལ་བྱ་སྤྱོད་རིགས་གཙུག་ལག་སློབ་ཆེན་གྱི་སྲིད་ཇུས་ཀྱིས་བཀག་སྡོམ་བྱས་ཡོད།