University of Wisconsin–Madison

བོད་ཡིག / TIBETAN

དྲང་བདེན་དང་རིས་མེད་སྣ་འཛོམས། ཡོངས་ཚུད། བདེ་ཐང་ (Equity, diversity, inclusion and well-being) བཅས་ནི་ཝི་སི་ཀོན་སིན་གཙུག་ལག་ སློབ་ཆེན་(མལ་ཌི་སིན་)དུ་ལས་བྱེད་ཚོའི་ཉམས་ལེན་ལ་གལ་འགངས་ཆེན་པོ་ཆགས་ཡོད། དྲང་བདེན་དང་རིས་མེད་སྣ་འཛོམས། ཡོངས་ཚུད་དེ་དག་ལས་བྱེད་ཀྱི་བདེ་ཐང་ལ་ ཁ་བྲལ་ཐུབ་མེད་པའི་འབྲེལ་བ་ཡོད་པ་ངོས་བཟུང་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན། སེམས་མྱོང་དང་། སེམས་ཁམས། ལུས་ཁམས་སམ་སྤྱི་ཚོགས་ཀྱི་བདེ་ཐང་གི་རྐྱེན་གྱིས་ལྷག་ བསམ་རྣམ་དག་དང་ལམ་ལྷོང་ལྡན་པའི་ངང་ལས་འཁུར་ཞུ་རྒྱུར་དཀའ་ངལ་ཡོད་པའི་ལས་བྱེད་རྣམས་སློབ་གྲྭའི་ས་ཁུལ་དུ་ཡར་རྒྱས་དང་གོང་འཕེལ་དུ་འགྲོ་མི་ཐུབ་པ་དང་།     ཕལ་ཆེར་སྒྲིག་འཛུགས་ནས་ཁ་གྱེས་སྲིད། དེ་ཡང་སློབ་གྲྭའི་ནང་གི་མཐར་ཕུད་དང་འཐུས་ཚབ་ཉུང་རིགས་ལས་བྱེད་རྣམས་ལ་དེ་དག་བདེན་པ་ཆགས་ཡོད།

དྲང་བདེན་དང་ལས་བྱེད་བདེ་ཐང་ཡོང་བར། ང་ཚོས་ཀུན་ཁྱབ་དང་། གང་ཟག་ཆ་ཚང་ངམ་ལུས་ཧྲིལ་པོའི་རྣམ་གཞག་ཐབས་ལམ་བརྒྱུད་ནས་ལས་བྱེད་ཀྱི་འགྲོ་བ་མིའི་རིགས་ཀྱི་ རང་གཤིས་གཙིགས་འཛིན་བྱས་ཏེ། ལས་བྱེད་ཚོའི་ཆེད་དུ་དྲང་བདེན་དང་ཕན་བདེའི་ལས་དོན་འཁུར་ཕྱོགས་སྲིད་ཇུས་དང་། ཁོར་ཡུག ཉམས་ལེན་གནང་ཐབས་གསར་གཏོད་ དང་རྒྱུན་འཁྱོངས་ཡོང་བར་འབད་བརྩོན་བྱེད་ཀྱི་ཡོད།

ཚོགས་སྡེ།

ཚོགས་སྡེ་ཁག་གིས་མི་དང་མིའི་འབྲེལ་བའི་ཐད་ལས་འགན་གཙོ་བོ་བཟུང་ཡོད་ལ་འབྲེལ་ལམ་འཛུགས་པའི་སྒོ་མོ་ལྟ་བུ་ཆགས་ཡོད། སྟོབས་ཤུགས་ཆེ་བའི་ཚོགས་སྡེ་ཡིས་གལ་འགངས་ཆེ་བའི་འབྲེལ་མཐུད་བྱ་ཡུལ་བཟོ་འདོན་བྱེད་ཅིང་ཁོངས་གཏོགས་དང་། ལྟ་རྟོག མཉམ་འབྲེལ། སྐྱེད་སྲིང་། འགྱུར་བཅོས་བཅས་ཀྱི་ང་ཚོའི་རིན་ཐང་ལྟ་བར་མཐུན་རྐྱེན་སྦྱོར། མི་རིགས་ནག་པོ་དང་གཞི་འཛིན་ཡུལ་མི། ཁ་མདོག་ཅན་གྱི་མིའི་ལས་བྱེད་དྲ་བ། (BIPOC Employee Network)

ངེད་ཀྱི་སྐོར

BIPOC (མི་རིགས་ནག་པོ་དང་གཞི་འཛིན་ཡུལ་མི། ཁ་མདོག་ཅན་གྱི་མིའི་ Black, Indigenous, People of Color) ལས་བྱེད་དྲ་བ་ནི་ལས་བྱེད་རྣམས་དང་། རྒྱབ་སྐྱོར་ཞུ་འབོད། ཚོགས་སྡེའི་རྩ་འཛུགས་ལ་དོ་ཕོག་གཏོང་བའི་གནད་དོན་ཐད་གོ་ རྟོགས་སྤེལ་བ་བརྒྱུད་ནས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་མི་རིགས་ནག་པོ་དང་། གཞི་འཛིན་ཡུལ་མི། ཁ་མདོག་ཅན་གྱི་མིའི་ BIPOC ལས་བྱེད་རྣམས་ཀྱི་ཁྱོན་ཡོངས་ལས་འཁུར་ཉམས་མྱོང་ཇེ་ལེགས་གཏོང་བར་དམིགས་པའི་སློབ་གྲྭའི་ལས་བྱེད་རུ་ཁག་ཅིག་ཡིན། རུ་ཁག་འདིས་ལས་བྱེད་ཚན་པ་ཡོངས་ཀྱི་ཆེད་ལས་དོན་བསྒྲུབ་ཀྱི་ཡོད་ལ། གཙུག་ལག་སློབ་ཆེན་ལས་བྱེད་ཚན་པ་ (university) འམ་ཡང་ན་ རིག་གནས་ལས་བྱེད་ཚན་པ་ (academic) འམ་ལས་ཁུངས་གང་རུང་གི་ཚབ་མཚོན་བྱེད་ཀྱི་མེད།

མི་རིགས་ནག་པོ་དང་གཞི་འཛིན་ཡུལ་མི། ཁ་མདོག་ཅན་གྱི་ལས་བྱེད་ཚོགས་སྡེ་འདུ་འཛོམས། (BIPOC Employee Community Gatherings)

སློབ་གྲྭའི་འབྲེལ་ཡོད་མི་སྣ་དང་ཟུང་འབྲེལ་ཐོག་མི་རིགས་ནག་པོ་དང་གཞི་འཛིན་ཡུལ་མི། ཁ་མདོག་ཅན་གྱི་མིའི་ BIPOC ལས་བྱེད་དྲ་བ་ཡིས་སློབ་གྲྭའི་ས་ཁུལ་དུ་མི་རིགས་ནག་པོ་དང་། གཞི་འཛིན་ཡུལ་མི། ཁ་མདོག་ཅན་གྱི་མིའི་ BIPOC ཡི་ལས་བྱེད་རྣམ་པའི་ཆེད་དུ་ཟླ་རེར་མང་ཚོགས་འདུ་འཛོམས་བྱེད་པའི་འཆར་གཞི་བཟོ་འདོན་དང་གོ་སྒྲིག་བྱེད་ཀྱི་ཡོད། འདུ་འཛོམས་ འདི་དག་སློབ་གྲྭའི་ས་ཁུལ་གྱི་མི་རིགས་ནག་པོ་དང་། གཞི་འཛིན་ཡུལ་མི། ཁ་མདོག་ཅན་གྱི་མི་  BIPOC ལས་བྱེད་རྣམས་ཕན་ཚུན་འབྲེལ་མཐུད་ དང་། ལྟ་རྟོག མི་སྒེར་དང་། མི་དང་མིའི་བར། ཐུན་མོང་གི་བདེ་ཐང་ཡོང་བའི་མཐུན་རྐྱེན་སྦྱོར་འདེགས་བྱེད།

འབྲེལ་གཏུག་བྱ་ཡུལ

མི་རིགས་ནག་པོ་དང་གཞི་འཛིན་ཡུལ་མི། ཁ་མདོག་ཅན་གྱི་མིའི་  BIPOC ལས་བྱེད་དྲ་བའི་སྐོར་ཤེས་འདོད་དམ་ ཚོགས་པ་འདིའི་ལས་དོན་ལ་རྒྱབ་སྐྱོར་གནང་འདོད་ཡོད་ཚེ། eiew@ohr.wisc.edu ལ་འབྲེལ་བ་གནང་རོགས།

ཐོ་གཞུང་ (The OutPages Directory)

ངེད་ཀྱི་སྐོར

The OutPages Directory ཐོ་གཞུང་གིས་ LGBTQ+ དང་། དགེ་རྒན། ལས་བྱེད་རྣམས་ལ་དྲ་ཐོག་འཚོལ་ ཆོག་མི་སྒེར་ལོ་རྒྱུས་གནས་ཚུལ་བཟོ་འགོད་བྱེད་པ་བརྒྱུད་དེ་ཆེད་ལས་ཐོག་འབྲེལ་ལམ་དང་སློབ་སྟོན་གོ་སྐབས་བཟོ་འདོན་བྱེད་རྩིས་ཡོད། ཐོ་གཞུང་ ལ་བལྟ་རྒྱུར་དྲ་མིང་ངོ་རྟགས་  netID བརྒྱུད་ནས་ཁ་འབྱེད་དགོས་ཀྱི་ཡོད།

བདེ་ཐང་།

མི་སྒེར་གྱི་བདེ་ཐང་།

མི་སྒེར་གྱི་བདེ་ཐང་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་རིགས་ཆེན་པོ་གསུམ་གྱིས་གྲུབ་ཡོད་པར། (ཀ) མི་སྒེར་གྱི་དམིགས་ཡུལ་དང་རེ་སྨོན། (ཁ) མི་སྒེར་གྱི་ འགྲོ་བ་མིའི་ཐོབ་ཐང་དང་དགོས་མཁོ་དྲང་བཞག་གིས་ཐོབ་པ། (ག) མི་སྒེར་གྱིས་ཚོགས་སྡེར་བཞག་པའི་བྱས་པ་དང་འབྲེལ་ལམ་བཅས་ཡིན།

སེམས་ཁམས་བདེ་ཐང་།

སེམས་ཁམས་བདེ་ཐང་ནི་ང་ཚོའི་མི་ཚེའི་གནོན་ཤུགས་སློང་བྱེད་ལ་གདོང་ལེན་དང་། རང་ཉིད་ཀྱི་ནུས་ཤུགས་ཤེས་རྟོགས། སློབ་སྦྱོང་དང་ལས་ཀ་ཡག་པོ་བྱེད་པ། དོན་ཕན་ལྡན་པའི་ངང་ང་ཚོའི་ཚོགས་སྡེར་མཐུན་རྐྱེན་སྦྱོར་འདེགས་བྱེད་པའི་ནུས་པར་གོ་དགོས། སེམས་ཁམས་བདེ་ཐང་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན་ལ་ང་ཚོའི་ཁྱོན་ཡོངས་བདེ་ཐང་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན། དེ་མ་ཟད་སེམས་ཁམས་བདེ་ཐང་གིས་ཐག་གཅོད་བྱེད་པ་དང་། འབྲེལ་ལམ་འཛུགས་པ། ང་ཚོ་འཚོ་གནས་བྱེད་སའི་སྤྱི་ཚོགས་བཟོ་སྐྲུན་བྱེད་པའི་ང་ཚོ་མི་སྒེར་དང་ཐུན་མོང་གི་ནུས་སྟོབས་སྲ་བརྟན་བཟོ་ཡི་ཡོད (འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས World Health Organization) ། སེམས་ཁམས་བདེ་ཐང་དེ་རྙོག་འཛིང་ཅན་གྱི་ཁྱབ་ཁོངས་ཤིག་ ཏུ་གནས་ཡོད་ལ། རྨས་སྐྱོན་(མི་རབས་རྒྱུད་སྤེལ་རྨས་སྐྱོན་ཡང་ཚུད) ཡོད་པ་དང་། ངོ་ཚ། སེམས་ཁམས་བདེ་ཐང་དང་སྨན་རྫས་ལོག་སྤྱོད་ཞབས་ཞུ་ ཞུ་ལེན་བྱེད་ཐུབ་མིན་གྱི་ཚད་གཞི་འདྲ་མིན་བཅས་རྒྱུ་མཚན་ཇི་སྙེད་ཅིག་ལ་བརྟེན་ནས་མི་སྣ་ཚོགས་ལ་མྱོང་བའང་སྣ་ཚོགས་ཡོད།
ལོ་རྒྱུས་ཐོག་ནས་མཐར་ཕུད་མི་རིགས་རྣམས་ལ་སྨན་དཔྱད་རིག་པ་དང་། སེམས་ཁམས་རིག་པ། སློབ་སྟོན་བློ་འདྲིའི་ལག་ལེན་ཁྱབ་ཁྱོངས་སུ་མི་ རིགས་རིང་ལུགས་ཀྱི་ཤུགས་རྐྱེན་ཐེབས་མྱོང་ཡོད་པ་དང་། དེ་ཡིས་མི་རིགས་ཀྱི་ཁྱད་པར་དང་སེམས་ཁམས་བདེ་ཐང་གི་གྲུབ་འབྲས་ལ་འདྲ་མཉམ་ མིན་པ་ཟློག་མེད་དུ་སློང་གི་ཡོད།

སློབ་གྲྭའི་གནས་ཚུལ་ཐོན་ཁུངས།

  • ལས་བྱེད་རོགས་འདེགས་ལས་ཁང་། (Employee Assistance Office)

    ལས་བྱེད་རོགས་འདེགས་ལས་ཁང་ (EAO) གིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་ལས་བྱེད་རྣམས་ལ་སློབ་སྟོན་དང་བློ་འདྲིའི་ཞབས་ཞུ་ འབུལ་གྱི་ཡོད།

  • LifeMatters

    LifeMatters ཡིས་ཟབ་སྦྱོང་དང་། དཔལ་འབྱོར་དང་ཁྲིམས་ཐོག་སློབ་སྟོན། ཆུ་ཚོད་བསྲི་ཚགས་ཅན་གྱི་ འཚོལ་བཤེར། བློ་འདྲི་ཞུ་ཡུལ་མཉམ་དུ་མི་སྒེར་རམ་ལས་ཐོག་གནད་དོན་ཆེད་དུ་ཚོགས་ཐུན་ ༡ ནས་ ༥ ། ལས་ཐོག་སེམས་འཚབ་ སྟངས་འཛིན་བྱེད་ཐབས་སློབ་སྟོན་བྱེད་པ་བཅས་ཚུད་པའི་གནས་ཚུལ་སྣ་མང་མཁོ་སྤྲོད་བྱེད།

  • རང་སྲོག་གཅོད་ལེན་སྔོན་འགོག་སྟེ་ངོས་འཛིན་དང་། ལན་འདེབས། ངོ་སྤྲོད་མཚམས་སྦྱོར། (Suicide Prevention: Recognize, Respond, Refer)

    རང་སྲོག་གཅོད་པའི་རྒྱུན་ལྡན་རྟགས་མཚན་ངོས་འཛིན་དང་། གདོང་ལེན་བྱེད་ ཐབས་ལ་བསྐྱར་ཞིབ། རྒྱབ་སྐྱོར་དང་གནས་ཚུལ་ཐོན་ཁུངས་དགོས་མཁན་མི་ངོ་སྤྲོད་མཚམས་སྦྱོར་བྱེད་པ་བཅས་ཀྱི་སྐོར་ཤེས་རྟོགས་ མང་ཙམ་བྱ་རྒྱུ།

  • ལས་བྱེད་ཀྱི་སེམས་ཁམས་འཕྲོད་བསྟེན་ལ་རམ་འདེགས། (Supporting Employee Mental Health)

    གནས་ཚུལ་ཐོན་ཁུངས་ཀྱིས་འགན་འཛིན་དང་སློབ་སྟོན་པ་རྣམས་ཀྱིས་སོ་སོའི་སློབ་ཕྲུག་དང་ལས་བྱེད་ཚོའི་སེམས་ཁམས་འཕྲོད་བསྟེན་ ལ་རམ་འདེགས་བྱེད་ཞོར་ཁོ་ཚོ་རང་གི་སེམས་ཁམས་བདེ་ཐང་ལ་རོགས་སྐྱོར་བྱེད།

  • Ombuds

    ཨོམ་བྷ་ཛི་ཡིག་ཚང་ (Ombuds Office) གིས་ལས་བྱེད་རྣམས་ལ་ཟུང་འབྲེལ་ཐོག་ནས་བདེ་སྡུག་ཞུ་གཏུག་ རྟོག་ཞིབ་བྱེད་པར་གསང་རྒྱའི་ས་གནས་དང་། གནད་དོན་གསལ་བཟོ། གདམ་ཀར་བསམ་ཞིབ། སེམས་འཚབ་སེལ་བར་གནས་ཚུལ་ ཐོན་ཁུངས་མཁོ་སྤྲོད་བྱེད།

དཔལ་འབྱོར་བདེ་ཐང་།

དཔལ་འབྱོར་བདེ་ཐང་ནི་མི་ཞིག་གིས་ད་ལྟ་དང་རྒྱུན་བསྲིང་དཔལ་འབྱོར་འགན་འཁྲི་ཡོངས་སུ་བསྒྲུབ་ཐུབ་པ་དང་། མ་འོངས་ དཔལ་འབྱོར་གནས་སྟངས་བརྟན་པོ་ཡིན་པ་ཚོར་ཐུབ་པ། མི་ཚེ་བདེ་སྐྱིད་ལྡན་པ་སྐྱེལ་རྒྱུར་ལམ་ཁ་འདེམ་སྒྲུག་བྱེད་ཐུབ་པའི་གནས་བབ་ཅིག་ཡིན།

  • དཔལ་འབྱོར་ཤེས་ཡོན་ཐོན་ཁུངས། (Financial Education Resources)

    ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ (མལ་ཌི་སིན་)གྱི་རྒྱ་སྐྱེད་སྡེ་ཁག་ (UW–Madison Division of Extension) གིས་མི་སྒེར་གྱི་དཔལ་འབྱོར་སྲ་བརྟན་ ཡོང་བར་ཕན་པའི་དཔལ་འབྱོར་ཤེས་ཡོན་ལས་རིམ་དང་གནས་ཚུལ་ཐོན་ཁུངས་མཁོ་སྤྲོད་བྱེད།

ལུས་པོའི་བདེ་ཐང་།

ལུས་པོའི་བདེ་ཐང་ནི་ང་ཚོར་ངལ་དུབ་བམ་ལུས་པོར་གནོན་ཤུགས་ཆེན་པོ་མེད་པར་ཉིན་རེའི་བྱེད་སྒོ་ཚང་མ་ཇི་བཞིན་བསྒྲུབ་ཏུ་འཇུག་པའི་བདེ་ཐང་གི་ འཚོ་བ་སྲུང་འཛིན་བྱེད་པའི་ནུས་པ་ཞིག་ཡིན།

  • ལས་བྱེད་དབང་པོ་སྐྱོན་ཅན་གནས་ཚུལ་ཐོན་ཁུངས། (Employee Disability Resources)

    ལས་བྱེད་དབང་པོ་ སྐྱོན་ཅན་གནས་ཚུལ་ཐོན་ཁུངས་ཡིག་ཚང་ (EDR) གིས་ལས་བྱེད་དང་ལས་ཞུ་སྙན་ཞུ་འབུལ་མི་ཚོར་དབང་པོ་སྐྱོན་ཅན་མཐུན་རྐྱེན་ སྦྱོར་འདེགས་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་ཀྱི་ལས་དོན་གཙོ་བོ་བསྒྲུབ་ཀྱི་ཡོད།

  • སློབ་གྲྭའི་ཆམ་རིམས་བསྟེན་གཏུག་ཁང་། (Campus Flu Clinics)

    གཙུག་ལག་སློབ་ཆེན་འཕྲོད་བསྟེན་སྨན་ཁང་ [University Health Services (UHS)] གིས་སློབ་ཕྲུག་དང་ལས་བྱེད་ཡོངས་ཀྱི་ཆེད་དུ་ལོ་རེའི་སློབ་གྲྭའི་ཆམ་རིམས་ འགོག་ཁབ་རྒྱག་ཡུལ་གོ་སྒྲིག་བྱེད།

  • ནད་པ་མཉམ་འབྲེལ་ལྟེ་གནས། (Center for Patient Partnerships)

    ནད་པ་མཉམ་འབྲེལ་ལྟེ་གནས་ཀྱིས་ ཝི་སི་ཀོན་སིན་ས་གནས་སུ་མི་ཚེར་འགྱུར་བ་ཐེབས་སྲིད་པའི་འཕྲོད་བསྟེན་གནད་དོན་འཕྲད་བཞིན་པ་དང་ལུས་རྟེན་གཏན་འཁེལ་ལྟ་སྐྱོང་ (gender affirming care) ཐབས་འཚོལ་བྱེད་ཀྱིན་པའི་མི་རྣམས་ལ་ནད་པ་རྒྱབ་སྐྱོར་ཞུ་འབོད་ཀྱི་སྲི་ཞུ་བསྒྲུབ་ཀྱི་ཡོད།

  • ཕོ་མོ་འདྲ་མཉམ་གསང་སྤྱོད། (Gender Inclusive Restrooms)

    ཕོ་མོ་འདྲ་མཉམ་གསང་སྤྱོད་ཀྱིས་སློབ་གྲྭའི་ ས་ཁུལ་གྱི་འགྱུར་བ་མ་ནིང་དང་ལུས་རྟེན་དབྱེར་མེད་མི་ (gender nonconforming people) རྣམས་ལ་བརྡབ་གསིག་ མེད་པར་གསང་སྤྱོད་བེད་སྤྱོད་བྱེད་དུ་འཇུག དེ་མ་ཟད་ཁོ་ཚོས་ཕྲུ་གུ་ཡོད་པའི་བཟའ་མི་དང་མི་སྒེར་རོགས་སྐྱོར་བྱེད་མཁན་མི་གླ་ཡོད་པའི་མི་རྣམས་ལ་རོགས་རམ་བྱེད།

    ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ཕྱི་རོལ་ལས་འགུལ། (Outdoor UW)

    ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ཕྱི་རོལ་ལས་ འགུལ་གྱིས་དགའ་མོས་དང་རིམ་པ་ཚང་མར་འཕྲོད་ཅིང་རན་པའི་ཕྱི་རོལ་བྱེད་སྒོ་སྣ་ཚོགས་གོ་སྒྲིག་བྱེད།

  • གཙུག་ལག་སློབ་ཆེན་སྤྲོ་གསེང་ལུས་སྦྱོང་དང་བདེ་ཐང་ (University Recreation and Well-Being)

    གཙུག་ལག་སློབ་ཆེན་སྤྲོ་གསེང་ལུས་སྦྱོང་དང་བདེ་ཐང་ལས་ཁུངས་ (Rec Well) ཀྱིས་སློབ་ཕྲུག་དང་ལས་བྱེད་རྣམས་ལ་ ཕན་བདེའི་བྱ་སྤྱོད་དང་གོམས་གཤིས་ཇེ་ལེགས་གཏོང་བའི་ལས་རིམ་དང་། ཞབས་ཞུ། མཐུན་རྐྱེན་སྦྱོར་གྱི་ཡོད།

  • བདེ་ཐང་སློབ་སྟོན། (Wellness Coaching)

    སྤྲོ་གསེང་ལུས་སྦྱོང་དང་བདེ་ཐང་(Rec Well) གིས་སློབ་གྲྭའི་ ས་ཁུལ་གྱི་སློབ་ཕྲུག་དང་ལས་བྱེད་རྣམས་ལ་འཐུས་ཚང་ཅན་གྱི་འཕྲོད་བསྟེན་དང་བདེ་ཐང་དམིགས་ཡུལ་མཉམ་སྒྲུབ་བྱེད་པར་བདེ་ཐང་ སློབ་སྟོན་གྱི་སློབ་ཚན་གོ་སྒྲིག་བྱེད་ཀྱི་ཡོད།

  • བདེ་ཐང་ཝི་སི་ཀོན་སིན་འཕྲོད་བསྟེན་བརྟག་དཔྱད། (Well Wisconsin Health Screenings)

    བདེ་ཐང་ཝི་སི་ཀོན་སིན་ལས་རིམ་གྱིས་ལས་བྱེད་རྣམས་ལ་རང་གི་འཕྲོད་བསྟེན་ལ་རྟོག་ཞིབ་བྱེད་པར་མཐུན་རྐྱེན་སྦྱོར་འདེགས་དང་རྒྱབ་ སྐྱོར། དོན་ཕན་ལྡན་པའི་འཕྲོད་བསྟེན་དང་བདེ་ཐང་ཡོང་ཐབས་དམིགས་ཡུལ་བཟོ་འགོད། དམིགས་ཡུལ་འདི་དག་འགྲུབ་པར་སློབ་སྦྱོང་ གི་གོ་སྐབས་འབུལ་སྤྲོད་བྱེད།

    ཝི་སི་ཀོན་སིན་མངའ་སྡེ་རྒུ་རོབ་སྨན་བཅོས་ལྟ་སྐྱོང་འགན་ལེན་ (Wisconsin State Group Health Insurance) ཁོངས་སུ་ཞུགས་ཡོད་པའི་་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གྱི་ལས་བྱེད་དང་། རྒས་ཡོལ་ཞུས་པ། ཁོ་ཚོའི་བཟའ་ཟླ་རྣམས་བདེ་ཐང་ཝི་སི་ཀོན་སིན་ལས་རིམ་ལ་ཞུགས་པའི་འོས་ཆོས་ཚང་གི་ཡོད། ལས་བྱེད་ཚོས་མཉམ་ཞུགས་བྱས་ཏེ་ལོ་རེར་འབབ་དོད་རེ་ལེན་ཐུབ།

མི་དང་མིའི་འབྲེལ་བའི་བདེ་ཐང་།

མི་དང་མིའི་འབྲེལ་བའི་བདེ་ཐང་ནི་དགེ་མཚན་ཅན་གྱི་འབྲེལ་ཐག་དང་། རྒྱབ་སྐྱོར་མ་ལག ཚོགས་སྡེ་འཛུགས་པར་མཁོ་བའི་རང་དང་གཞན་བར་གྱི་ཕན་པའི་འབྲེལ་ལམ་ལ་གོ་དགོས།

ནང་མི་ལྟ་སྐྱོང་།

སློབ་གྲྭའི་ལས་བྱེད་མང་པོ་ཞིག་གིས་རང་གི་བུ་ཕྲུག་དང་། གཉེན་ཚན། འདུག་རོགས་ཟླ་བོ། གྲོགས་པོ་རྣམས་ལ་ལྟ་སྐྱོང་ངམ་རོགས་སྐྱོར་བྱེད་ཀྱི་ཡོད། ལྟ་སྐྱོང་འོས་འགན་ཡོད་པའི་ལས་བྱེད་ཚོས་ལས་ཀ་དང་ལས་འགན་དེ་དག་བར་དོ་མཉམ་ཡོང་ཐབས་བྱེད་དགོས་ཀྱི་ཡོད།

  • བྱིས་སྐྱོང་དང་ནང་མི་མཐུན་འགྱུར་ཡིག་ཚང་། (Office of Child Care and Family Resources)

    བྱིས་སྐྱོང་དང་ནང་མི་མཐུན་འགྱུར་ཡིག་ཚང་གིས་དུས་སྟོད་ཤེས་ཡོན་རོགས་རམ་དང་། ནང་མི་རོགས་སྐྱོར་ལས་རིམ་དང་ཞབས་ཞུ་མཁོ་སྤྲོད་དང་འཛིན་སྐྱོང་བྱེད་ཀྱི་ཡོད།

  • ནང་མི་ལྟ་སྐྱོང་རོགས་རམ། (Family Caregiving Support)

    ནང་མི་ལྟ་སྐྱོང་རོགས་རམ་ནི་ལས་བྱེད་དང་ལྟ་རྟོག་པ་ རྣམ་པར་ལྷག་པར་དུ་ནད་ཡམས་རྐྱེན་གྱིས་ནང་མི་ལྟ་སྐྱོང་ལས་འགན་འཕར་མ་འཁུར་དགོས་མཁན་ལས་བྱེད་རྣམས་ལ་ལས་ཐོག་གུ་ ཡངས་ཡོང་ཐབས་དང་འབྲེལ་བའི་གནས་ཚུལ་དང་། མཐུན་རྐྱེན་སྦྱོར་འདེགས། རྒྱབ་སྐྱོར་བྱེད་པ་མཚོན།

  • ནུ་འོ་སྤྲོད་སྟེར་ཁང་མིག (Lactation rooms)

    སློབ་གྲྭའི་ས་ཁུལ་གྱི་ནུ་འོ་སྤྲོད་སྟེར་བྱེད་ཆོག་ས་ཆའི་ཐོ་གཞུང་དང་ས་ཁྲ།

མིང་དང་མིང་ཚབ།

མིང་ཚབ་ (Pronouns) རྣམས་ནི་ང་ཚོས་མི་ཞིག་གི་མིང་ངམ་མཚན་གནས་བརྗེ་བསྒྱུར་ཆེད་དུ་སྤྱོད་པའི་མིང་ཚིག་ཞེ་ཅིག་ ཡིན་པ་དང་། དབྱིན་ཇིའི་སྐད་དུ་དེ་རྣམས་ཕོ་མོའི་ལུས་རྟེན་དབྱེ་བར་སྤྱོད་ཀྱི་ཡོད། ཁྱེད་ཀྱིས་མི་ཞིག་གི་ལུས་པོར་བལྟས་ཏེ་ཁོ་ཚོས་མིང་ཚབ་ཅི་ཞིག་ སྤྱོད་ཀྱི་ཡོད་པ་ཁ་ཚོན་གཅོད་མི་ཐུབ་ལ། ཐ་ན་མི་ཞིག་ལ་འགྱུར་བ་མ་ནིང་དང་ལུས་རྟེན་ཡ་མ་ཟུང་ལ་སོགས་ཀྱི་ “སྣང་ཚུལ་” མེད། མི་ཞིག་གི་མིང་ ཚབ་འཕྱུག་མེད་བེད་སྤྱོད་བྱ་རྒྱུ་གལ་ཆེན་ཡིན་པ་དང་། དེ་ནི་ཁྱེད་ཀྱིས་ཁོ་ཚོར་བརྩི་བཀུར་བྱེད་པ་མཚོན། (UW-Madison Gender and Sexuality Campus Center)

ལས་ཐོག་བདེ་ཐང་།

  • Accessibility@UW

    འཛུལ་ཞུགས་དང་དབང་པོ་སྐྱོན་ཅན་སྐོར་གྱི་གནས་ཚུལ་ཐོན་ཁུངས་གཅིག་བསྡུས་ཅན།

  • ཚབས་ཆེན་དོན་རྐྱེན་གྱི་གནོན་ཤུགས་བཅོས་ཐབས། (Coping with Critical Incident Stress)
  • ལུས་སེམས་ གནོན་ཤུགས་ཀྱི་མངོན་ཚུལ་དང་ནད་རྟགས་ཤེས་རྟོགས་དང་གནོན་ཤུགས་ལ་གདོང་ལེན་བྱེད་ཐབས་འཚོལ་ཞིབ་བྱེད་མགོ་རྩོམ་རྒྱུ།
  • རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་། [Cultural Linguistic Services (CLS)]

    རིག་གཞུང་སྐད་ཡིག་ ཞབས་ཞུ་ཁང་གིས་སློབ་གྲྭའི་སྡེ་ཚན་དང་ལས་བྱེད་རྣམས་ལ་རིས་མེད་སྣ་འཛོམས་དང་སྐད་ཡིག་སྣ་མང་གི་ལས་ཀ་བྱ་ཡུལ་དུ་འབྲེལ་ མོལ་དང་། རིག་གཞུང་གོ་རྟོགས། སློབ་སྦྱོང་གི་ལས་དོན་ཇེ་ལེགས་གཏོང་ཆེད་ཞབས་ཞུ་བསྒྲུབ་ཀྱི་ཡོད།

  • ལས་བྱེད་རོགས་འདེགས་ལས་ཁང་། [Employee Assistance Office (EAO) Training]

    ལས་བྱེད་ རོགས་འདེགས་ལས་ཁང་གིས་ལས་ཁུངས་དང་ཚོགས་པ་གཞན་ལ་གླེང་མོལ་བྱེད་ཁག་པོ་དང་། རང་ཉིད་གཅེས་སྐྱོང་། རང་སྲོག་གཅོད་ལེན་སྔོན་འགོག བཅོས་རྫུས་མངོན་ཚུལ (imposter syndrome) ། གླེང་མོལ་སྟངས་འཛིན་ཐད་ཟབ་སྦྱོང་གོ་སྒྲིག་བྱེད་ཀྱི་ཡོད། འགན་འཛིན་དང་། ལྟ་རྟོག་པ། འགོ་གཙོ་ཌིན། དབུ་འཛིན། ལས་བྱེད་བདག་གཉེར་ཆེད་ལས་པ། བདེ་ཐང་ལས་དོན་ཚོགས་ཆུང་། ཚོགས་འདུ་འཆར་འགོད་པ། གཞན་རིགས་ཀྱིས་ཟབ་སྦྱོང་དགོས་སྐོར་རེ་འདུན་ཞུ་ཆོག

  • དགྲར་འཛིན་ཞེ་སྡང་དང་འཇིགས་སྐུལ་བྱ་སྤྱོད། (Hostile and Intimidating Behavior)

    དགྲར་འཛིན་ཞེ་སྡང་ དང་འཇིགས་སྐུལ་བྱ་སྤྱོད་ཅི་ཞིག་ཡིན་པ་དང་། བྱ་སྤྱོད་འདི་འདྲའི་སྐོར་ལ་གནས་ཚུལ་ཐོན་ཁུངས་གང་དུ་དང་ཇི་ལྟར་ལེན་དགོས་པའི་སྐོར་ཤེས་རྟོགས་བྱ་རྒྱུ། གནས་ཚུལ་རྣམས་དབྱིན་ཇི་སྐད་དང་། སི་པན་སྐད། མོང་སྐད། བོད་སྐད། རྒྱ་ནག་སྐད་དུ་ཡོད།

  • LifeMatters

    LifeMatters ཀྱིས་ཟབ་སྦྱོང་དང་། དཔལ་འབྱོར་དང་ཁྲིམས་ཐོག་སློབ་སྟོན། ཆུ་ཚོད་བསྲི་ཚགས་ཅན་གྱི་ འཚོལ་བཤེར། བློ་འདྲི་ལམ་སྟོན་ཚོགས་ཐུན། ལས་ཐོག་སེམས་འཚབ་ཐད་སྟངས་འཛིན་བྱེད་ཐབས་སློབ་སྟོན་བྱེད་པ་བཅས་ཚུད་པའི་ གནས་ཚུལ་སྣ་མང་མཁོ་སྤྲོད་ཞུ་ཡི་ཡོད།

  • རྒྱང་རིང་ལས་འཁུར། (Remote Work)

    རྒྱང་རིང་ལས་འཁུར་ཞུ་ཐབས་ལམ་སྟོན་དང་ལས་བྱེད་ཚོར་གནས་ཚུལ་ཐོན་ཁུངས་ མཁོ་སྤྲོད།

  • ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་དུ་ལས་ཀ་བྱེད་པ། (Working at UW)

    ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་དུ་ ལས་ཀ་བྱེད་པ་ཞེས་པས་སློབ་གྲྭའི་གནས་ཚུལ་ཐོན་ཁུངས་དང་གལ་ཆེའི་གསར་གནས་གསར་ཤོས་འཚོལ་ཞིབ་བྱེད་ས་གཅིག་བསྡུས་ ཅན་མཁོ་འདོན་བྱེད་ཀྱི་ཡོད། དྲ་ཚིགས་འདིས་ལས་བྱེད་རྣམས་ལ་རང་གི་སློབ་གྲྭའི་ལས་གནས་ཐོག་སྔར་ལས་ནུས་འཕེར་དང་འབྲེལ་ ལམ་ཡོང་བར་ཕན་པའི་གསར་འགྱུར་དང་། མཁོ་ཆས། ཞབས་ཞུ་མཁོ་སྤྲོད་བྱེད།

འབྲེལ་གཏུག་བྱ་ཡུལ།

དྲང་བདེན་དང་རིས་མེད་སྣ་འཛོམས། ཡོངས་ཚུད། ལས་བྱེད་བདེ་ཐང་ལས་ཁུངས་ (Office of Equity, Inclusion and Employee Well-Being) ཀྱིས་སློབ་གྲྭ་དང་། སློབ་གླིང་། སྡེ་ཁག ལས་ཁུངས་དག་ལ་ལས་བྱེད་རྣམས་སློབ་གྲྭའི་ནང་དུ་མཉམ་ཞུགས་དང་། ཡར་རྒྱས་འགྲོ་བར་ཕན་པ་ཆེ་ཞིང་ དྲང་བདེན་དང་ཡོངས་ཚུད་སྲིད་ཇུས་དང་། མ་ལག ཁོར་ཡུག་སྐྲུན་ཐབས་ཆེད་དུ་སློབ་སྟོན་དང་། རྒྱབ་སྐྱོར། གནས་ཚུལ་ཐོན་ཁུངས་མཁོ་འབུལ་ཞུ་ཡི་ཡོད།

དྲང་བདེན་དང་རིས་མེད་སྣ་འཛོམས། ཡོངས་ཚུད། ལས་བྱེད་བདེ་ཐང་ལས་ཁུངས་ཀྱིས་ད་སྐབས་གཤམ་གསལ་དོན་གནད་ཐོག་སློབ་སྟོན་དང་། རམ་འདེགས། གནས་ཚུལ་ཐོན་ཁུངས་མཁོ་འབུལ་ཞུ་བཞིན་ཡོད།

  • འཐབ་བྱུས་རང་བཞིན་གྱི་འཆར་འགོད་དང་འཆར་སྣང་།
  • སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་གལ་གནད།
  • སྲིད་ཇུས་དང་། མ་ལག ཁོར་ཡུག་གི་ཐེ་གཏོགས།
  • ལས་བྱེད་ནུས་སྟོབས་གོང་སྤེལ་དང་སློབ་སྦྱོང་།
  • གཞི་གྲངས་ཡིག་མཛོད་དང་དཔྱད་ཞིབ།

དྲང་བདེན་དང་རིས་མེད་སྣ་འཛོམས། ཡོངས་ཚུད། ལས་བྱེད་བདེ་ཐང་ (Equity, Inclusion and Employee Well-Being) རུ་ཁག་ལ་ eiew@ohr.wisc.edu ཐོག་འབྲེལ་བ་བྱ་རྒྱུ།།

Did you find what you need?