ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)ལ་ཕེབས་པར་དགའ་བསུ་ཞུ། ཁྱེད་ཀྱིས་འདི་རུ་ཁྱེད་རང་གི་འཚོ་ཐབས་ཆེད་ལས་འགོ་འཛུགས་པའམ་རྒྱུན་སྐྱོང་ བྱེད་པར་ང་ཚོ་དགའ་བོ་བྱུང་། གཟའ་འཁོར་དང་པོའི་ནང་དུ། གལ་ཆེའི་ཞུ་སྒོ་ཁག་ཅིག་ངེས་པར་དུ་གཙང་བསྒྲུབ་བྱེད་དགོས་པས། ཁྱེད་ལ་གླ་ཕོགས་ཇི་ལྟར་སྤྲོད་དགོས་པ་བཟོ་རྒྱུ་ཡང་ཚུད་ཡོད། དེ་དག་འགོ་འཛུགས་བྱེད་པར། གཤམ་འཁོད་ཡིག་ཆ་ཁག་གི་སྤྱི་བཤད་ཀློག་རོགས་གནང་།།
སྤྱི་བཤད་རྣམས་གཤམ་གསལ་སྐད་ཡིག་ཁག་ཏུ་ཡོད།
མགོ་རྩོམ་རྒྱུ།
དྲི་བ།
ཁྱེད་ཀྱི་དྲི་བ་རྣམས་ལ་དྲ་ངོས་འདི་དག་གི་གནས་ཚུལ་གྱིས་ལན་འདེབས་མ་བྱས་ཚེ། དོ་བདག་གི་ལས་བྱེད་བདག་གཉེར་ HR ཡིག་ཚང་ལ་འབྲེལ་བ་གནང་རོགས།
ཐེངས་དང་པོར་བྱོས།
This is an accordion element with a series of buttons that open and close related content panels.
I-9 སྐོར།
སུ།
གླ་ཕོགས་ཤོག་འཛར་ཐོབ་མཁན་ལས་བྱེད་ཡོངས (ཕོགས་མེད་འཕྲལ་སེལ་བསྐོ་བཞག་ལས་བྱེད་ཚུད་མེད)
ཅི་ཞིག
འགེང་ཤོག་ (Form I-9) ནི་མི་ཞིག་གིས་ཨ་རིར་ལས་ཀ་བྱེད་ཆོག་འོས་ཆོས་ཚང་མིན་ར་སྤྲོད་བྱེད་པར་སྤྱོད་པའི་སྤྱི་མཐུན་སྲིད་གཞུང་གི་འགེང་ཤོག་ཅིག་རེད། འགེང་ཤོག་ (Form I-9) ཡིས་ཁྱེད་ཀྱིས་ཨ་རིར་ལས་ཀ་བྱེད་ཆོག་པ་ར་སྤྲོད་བྱེད།
ཅིའི་ཕྱིར།
ཁྱེད་ཀྱིས་ཨ་རིར་ལས་ཀ་བྱེད་པར་འགེང་ཤོག་ (Form I-9) འགེང་འབུལ་ངེས་པར་བྱེད་དགོས། འགེང་ཤོག་ (Form I-9) འགེང་འབུལ་མ་བྱེད་པར་ ཁྱེད་ཀྱིས་ལས་ཀ་བྱེད་ཆོག་གི་མེད། ཁྱེད་ཀྱིས་འགེང་ཤོག་ I-9 དུས་ལྟར་འགེང་འབུལ་བྱེད་མེད་ཚེ། ཁྱེད་རང་ལས་ཀ་ནས་གནས་དབྱུང་གཏོང་ཆོག
ག་དུས།
ཁྱེད་ཀྱིས་འགེང་འབུལ་ངེས་པར་བྱེད་དགོས་པ་ནི།
- ཚན་པ་ ༡ དེ་ཁྱེད་ཀྱི་ཕོགས་འབབ་ལས་བཅར་ཉིན་དང་པོ་ལས་མ་འགྱངས་པ།
- ཚན་པ་ ༢ དེ་ཁྱེད་ཀྱི་ཕོགས་འབབ་ལས་བཅར་ཉིན་དང་པོ་ནས་བརྩིས་པའི་ལས་ཉིན་ ༣ གྱི་ནང་ཚུན།
ཇི་ལྟར།
ཁྱེད་ཀྱི་འགེང་ཤོག་ (Form I-9) དེ་རིམ་པ་ ༢ བརྒྱུད་ནས་འགེང་འབུལ་བྱ་རྒྱུ།
- ཁྱེད་ཀྱི་ཕོགས་འབབ་ལས་བཅར་ཉིན་དང་པོ་ལས་མ་འགྱངས་པར་ Workday ནང་དུ་ཚན་པ་ ༡ འགེང་འབུལ་བྱ་རྒྱུ།
- ཁྱེད་ཀྱི་དྲ་མིང་ངོ་རྟགས་ (NetID)ཀྱིས་ Workday ཡི་ཁ་འབྱེད་རྒྱུ།
- ཁྱེད་ཀྱི་སྤྱང་གྲུང་ཁ་པར་སྟེང་ནས་རྐྱེན་མང་ངོ་རྟགས་ར་འཕྲོད་ཌོའོ་ MFA-Duoཡིས་སམ་ཡང་ན་རྒྱུན་སྤྱོད་མཐེབ་གཅུ་ Frequency Operated Button (FOB) ཡིས་ཁྱེད་ཀྱི་ངོ་རྟགས་ར་སྤྲོད་བྱ་རྒྱུ།
- ཞུ་སྒོ་(Tasks) ནང་དུ་ཚན་པ་ ༡ འཚོལ་རྒྱུ།
- དེ་ནས། མི་དངོས་ངོ་སྐྱོད་ཀྱིས་ I-9 Coordinator འབྲེལ་མཐུད་པའི་མཉམ་དུ་ཚན་པ་ ༢ འགེང་འབུལ་བྱ་རྒྱུ།
- I-9 Coordinator འབྲེལ་མཐུད་པར་ཁྱེད་ཀྱི་ཕོགས་འབབ་ལས་བཅར་ཉིན་དང་པོ་ནས་བརྩིས་པའི་ལས་ཉིན་ ༣ གྱི་ནང་ཚུན་ ལ་ངོ་ཐུག་བྱ་རྒྱུ།
- ཁྱེད་ཀྱི་ Form I-9 ངོས་ལེན་བྱེད་འོས་ཡིག་ཆ་ངོ་མ་རྣམསའཁྱེར་ཡོང་རྒྱུ།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
ལས་བྱེད་གསར་པ་སྣེ་ལེན་ཁང་ New Employee Welcome Center ནས་རོགས་རམ་ཞུ་རྒྱུ།
དྲ་མིང་ངོ་རྟགས (NetID)
སུ།
ལས་བྱེད་ཡོངས།
ཅི་ཞིག
ཁྱེད་ཀྱི་དྲ་མིང་ངོ་རྟགས་ནི་ (NetID) ཁྱེད་ཀྱི་ཐུན་མོང་མ་ཡིན་པའི་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་སྤྱོད་མིང་ (username) དང་གསང་ཚིག་ (password) ཡིན།
ཅིའི་ཕྱིར།
ཁྱེད་ཀྱིས་གཤམ་འཁོད་དག་གི་ཆེད་དུ་དྲ་མིང་ངོ་རྟགས་ངེས་པར་དུ་སྤྱོད་དགོས།
- MyUWདང་། Workday ། Office 365 ཡི་ཁ་འབྱེད་པ།
- ཁྱེད་ཀྱི་ལས་ཀའི་གློག་འཕྲིན་དང་། ཕོགས་སྤྲོད། ཁེ་ཕན་ཐོབ་ཐང་ལ་ལྟ་ཀློག་བྱེད་པ།
- དགོས་ངེས་ཟབ་སྦྱོང་ལེན་པ།
- ལས་ཀའི་སྐབས་སུ་དྲ་ལམ་གནས་ཚུལ་ཐོན་ཁུངས་གཞན་པ་བེད་སྤྱོད་བྱེད་པ།
ག་དུས།
ཁྱེད་ཀྱི་ལས་རྩོམ་ལྡེ་མིག་ (activation key) འབྱོར་བ་དང་གང་མགྱོགས་དྲ་མིང་ངོ་རྟགས་ལས་སུ་རུང་བ་བཟོ་རྒྱུ།
ཇི་ལྟར།
ཁྱེད་ཀྱི་དྲ་མིང་ངོ་རྟགས་ལས་སུ་རུང་བ་བཟོ་རྒྱུ།
- ༡། དྲ་མིང་ངོ་རྟགས་ལས་རྩོམ་ (NetID Activation) ཞེས་པར་འགྲོ་རྒྱུ།
- ༢། ཁྱེད་ཀྱི་ལས་རྩོམ་ལྡེ་མིག་ (activation key) དང་སྐྱེས་ཚེས་ (date of birth) འབྲི་འཇུག་བྱ་རྒྱུ།
- ༣། ཆ་རྐྱེན་ཁག་ངོས་ལེན་ (Agree) བྱ་རྒྱུ།
- ༤། བསྐྱར་གསོའི་དྲི་བ་ (recovery questions) ཁག་བཟོ་འདོན་བྱ་རྒྱུ།
- ༥། བརྟན་ཆ་ཅན་གྱི་གསང་ཚིག་ (secure password) གསར་བཟོ་བྱ་རྒྱུ།
- ༦། སྔར་ལས་བརྟན་པོ་བཟོ་ཆེད་རྐྱེན་མང་ངོ་རྟགས་ར་འཕྲོད་ཌོའོ་ MFA-Duo བཟོ་སྒྲིག་བྱ་རྒྱུ།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
ཁ་པར་གཏོང་བའམ་གློག་འཕྲིན་བསྐུར་རྒྱུ།
- ཁྱེད་ཀྱི་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་བདག་གཉེར་ཡིག་ཚང་(HR Office) (ལས་རྩོམ་ལྡེ་མིག་ activation keyལ་རོགས་རམ)
- བརྡ་འཕྲིན་ཚན་རྩལ་ལས་ཁུངས་རོགས་རམ་མདུན་ཅོག་ Division of Information Technology (DoIT) Help Desk ལ་(608) 264-4357 ཁ་པར་གཏོང་བའམ་ help@doit.wisc.edu ལ་གློག་འཕྲིན་བསྐུར་རྒྱུ།
གནས་ཚུལ་རྒྱས་པ་གཤམ་ནས་ཤེས་རྟོགས་གནང་རྒྱུ།
རྐྱེན་མང་ངོ་རྟགས་ར་འཕྲོད་ཌོའོ (MFA-Duo)
སུ།
ལས་བྱེད་ཡོངས།
ཅི་ཞིག
རྐྱེན་མང་ངོ་རྟགས་ར་འཕྲོད་ཌོའོ་ (MFA-Duo) ནི་ཁྱེད་ཀྱིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ཐོ་ཁོངས་ (UW accounts) ཀྱི་ཁ་འབྱེད་སྐབས་ བདེ་འཇགས་ཡོང་ཐབས་རིམ་པ་གཉིས་པ་དེ་རེད།
- ཐོག་མར་ཁྱེད་ཀྱི་དྲ་མིང་ངོ་རྟགས་དང་གསང་ཚིག་གིས་ཁྱེད་རང་གི་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ཐོ་ཁོངས་ཀྱི་ཁ་འབྱེད་རྒྱུ།
- དེ་ནས། MFA-Duo ཡིས་ཁྱེད་ཀྱི་སྤྱང་གྲུང་ཁ་པར་ (smartphone) རམ་ཊབ་ལེབ་ (tablet) ལ་བརྡ་ཐོ་གཏོང་ངེས།
-
- བརྡ་ཐོ་བཏང་བར་ཆོག་མཆན་སྤྲོད་རྒྱུ།
- ཁྱེད་ཀྱིས་ཐོ་ཁོངས་ཀྱི་ཁ་འབྱེད་པར་ཆོག་མཆན་ངེས་པར་དུ་སྤྲོད་དགོས།
གལ་ཏེ་ཁྱེད་ལ་སྤྱང་གྲུང་ཁ་པར་རམ་ཊབ་ལེབ་མེད་ཚེ། ཁྱེད་ཀྱི་སྡེ་ཁག་གི་ལས་བྱེད་བདག་གཉེར་ཡིག་ཚང་ནས་ཕོབ་ fob ཞུ་ལེན་བྱ་རྒྱུ།
ཅིའི་ཕྱིར།
ཁྱེད་ཀྱིས་ངེས་པར་དུ་ རྐྱེན་མང་ངོ་རྟགས་ར་འཕྲོད་ཌོའོ་ MFA-Duo སྤྱད་ནས་ MyUW དང་། Workday ། Canvas ། ཁྱེད་ཀྱི་ ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གློག་འཕྲིན་བཅས་ཀྱི་ཁ་འབྱེད་དགོས། རྒྱུ་མཚན་ནི་དེ་ཡིས་
- ཁྱེད་ཀྱི་མི་སྒེར་དང་གཙུག་ལག་སློབ་ཆེན་གྱི་གཞི་གྲངས་གནས་ཚུལ་སྲུང་སྐྱོབ་བྱེད།
- མི་གཞན་ཞིག་ལ་ཁྱེད་ཀྱི་དྲ་མིང་ངོ་རྟགས་དང་གསང་ཚིག་ཡོད་ནའང་ཁྱེད་ཀྱི་ཐོ་ཁོངས་ཀྱི་ཁ་འབྱེད་རྒྱུར་སྔོན་འགོག་བྱེད།
ག་དུས།
- ཁྱེད་ཀྱི་དྲ་མིང་ངོ་རྟགས་ NetIDཀྱི་ལས་མགོ་བརྩམས་པ་དང་འཕྲལ་དུ་ཁྱེད་རང་གི་ རྐྱེན་མང་ངོ་རྟགས་ར་འཕྲོད་ཌོའོ་ MFA-Duo བཟོ་སྒྲིག་ བྱ་རྒྱུ། ཁྱེད་ཀྱིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་སྒྲིག་འཛུགས་མང་ཆེ་བ་ཁ་འབྱེད་བྱེད་པར་ངེས་པར་དུ་ MFA-Duo བཟོ་སྒྲིག་བྱེད་དགོས།
- ཁྱེད་ཀྱི་ལས་བཅར་བདུན་ཕྲག་དང་པོའི་ནང་དུ་བསྐྱར་གསོའི་དྲི་བ་དང་ རྐྱེན་མང་ངོ་རྟགས་ར་འཕྲོད་ཌོའོ་ MFA-Duo བཟོ་སྒྲིག་བྱ་རྒྱུ།
ཇི་ལྟར།
MFA-Duo བཟོ་སྒྲིག་བྱ་རྒྱུ (གནས་ཚུལ་འཕར་མ་ཞེས་པར་སྒྲིལ་སྐྱོད་བྱ་རྒྱུ)
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
བརྡ་འཕྲིན་ཚན་རྩལ་ལས་ཁུངས་རོགས་རམ་མདུན་ཅོག་ DoIT Help Desk ལ་ (608) 264-4357 ཁ་པར་གཏོང་བའམ་ help@doit.wisc.eduལ་གློག་འཕྲིན་བསྐུར་རྒྱུ།
གནས་ཚུལ་རྒྱས་པ་གཤམ་ནས་ཤེས་རྟོགས་གནང་རྒྱུ།
- MFA-Duo སྤྱི་བཤད།
- དགེ་རྒན་དང་ལས་བྱེད་ལ་བཟོ་སྒྲིག་བྱེད་ཐབས་ལམ་སྟོན།
- ཡོ་ཆས་དང་རྒྱབ་སྣོན་ཨང་རྟགས་ (Devices & Backup Codes) དོ་དམ།
- MFA-Duo Knowledge Base ཡི་ཤེས་བྱའི་མཛོད།
Workday
སུ།
གླ་ཕོགས་ཤོག་འཛར་ཐོབ་མཁན་ལས་བྱེད་ཡོངས།
ཅི་ཞིག
Workday ནི་ལས་བྱེད་ཚོས་ལས་ཀའི་ཞུ་སྒོ་བསྒྲུབ་པར་སྤྱོད་པའི་དྲ་ལམ་མ་ལག་ཅིག་རེད།
Workday ཡི་ཁ་ཕྱེས་ཏེ། དེ་ནས་
- ཁྱེད་ཀྱི་མི་སྒེར་དང་ལས་བྱེད་སྐོར་གྱི་གནས་ཚུལ་ལ་གཟིགས་རྒྱུ་དང་གསར་སྣོན་བྱ་རྒྱུ།
- ངལ་གསོ་ཐོབ་སེང་དགོངས་ཞུ་འབུལ་རྒྱུ།
- ཁྱེད་ཀྱི་ལས་བཅར་ཆུ་ཚོད་དང་ལས་ཆད་ཐོབ་སེང་དགོངས་ཞུ་སྐོར་ལ་ལྟ་ཞིབ་བྱ་རྒྱུ།
- ཁྱེད་ཀྱི་གླ་ཕོགས་ཤོག་འཛར་ལ་བལྟ་རྒྱུ།
- ཐད་ཀར་བཅོལ་འཇོག་ (direct deposit) དང་དཔྱ་ཁྲལ་བསྡུ་འབབ་ (tax withholdings) སྟངས་འཛིན་བྱ་རྒྱུ།
- ཁེ་ཕན་ཐོབ་ཐང་ཁོངས་སུ་འཛུལ་ཞུགས་དང་འགྱུར་བ་གཏོང་རྒྱུ།
- ཁྱེད་ཀྱི་ལས་ཆོད་ཞིབ་བཤེར་ཞུ་སྒོ་གཙང་བསྒྲུབ་བྱ་རྒྱུ།
- ཟབ་སྦྱོང་ལེན་རྒྱུ་དང་ཆེད་ལས་ཡར་རྒྱས་གོང་འཕེལ་དོ་དམ་བྱ་རྒྱུ།
ཅིའི་ཕྱིར།
Workday ནང་དུ། ཁྱེད་ཀྱིས་རང་ཉིད་ཀྱི་ལས་ཞུགས་གནས་ཚུལ་དེ་ངལ་གསོ་ཐོབ་སེང་དགོངས་ཞུ་དང་། ལས་བཅར་ཆུ་ཚོད། ཁེ་ཕན་ཐོབ་ཐང་། ལས་ཆོད་ ཞིབ་བཤེར། ཆེད་ལས་ཡར་རྒྱས་སོགས་ལས་བྱེད་དྲ་ངོས་གཅིག་ནས་སྟངས་འཛིན་བྱེད་ཐུབ།
ག་དུས།
ཁྱེད་ཀྱི་དྲི་མིང་ངོ་རྟགས་ NetID དང་རྐྱེན་མང་ངོ་རྟགས་ར་འཕྲོད་ཌོའོ་ [Multi-Factor Authentication (MFA-Duo)] ཡི་ལས་མགོ་ བརྩམས་པ་དང་གང་མགྱོགས་ Workday བེད་སྤྱོད་བྱ་རྒྱུ།
རྒྱུན་དུ་གཤམ་གསལ་ཁག་གི་ཆེད་དུ་བེད་སྤྱོད་བྱ་རྒྱུ།
- ངལ་གསོ་ཐོབ་སེང་དགོངས་ཞུ་ (time off) དང་ལས་ཆད་ཐོབ་སེང་དགོངས་ཞུ (leave requests) །
- ཕོགས་ཐོབ་དང་ཁེ་ཕན་ཐོབ་ཐང་སྐོར་གྱི་གསར་གནས (དམིགས་བསལ་གྱིས་མིང་འགོད་འཛུལ་ཞུགས་བྱེད་པ)
- ལོ་མཇུག་དཔྱ་ཁྲལ་ཞུ་སྒོ་ཁག
- ལོ་དཀྱིལ་དང་ལོ་འཁོར་ལས་ཆོད་ཞིབ་བཤེར།
ཇི་ལྟར།
Workday བེད་སྤྱོད།
- ཁྱེད་ཀྱི་གློག་ཀླད་ཀམ་པུ་ཊར་སྟེང་ནས་སམ་ཡང་ན་ Workday ལག་འཁྱེར་ཁ་པར་བཀོལ་ཆས་ཐོག་ནས་ Workday ཡི་ཁ་འབྱེད་རྒྱུ།
- པར་རས་ (Canvas) ནང་གི་ “Workday for All Employees” ཟབ་སྦྱོང་ཆ་ཚང་ལེན་རྒྱུ(ཆུ་ཚོད་སྐར་མ་ ༤༥ ཙམ)།
- ཁྱེད་ཀྱི་ Workday མདུན་ཤོག་མྱུལ་ཞིབ་བྱ་རྒྱུ། ངའི་ཞུ་སྒོ་ “My Tasks” དང་། བརྡ་ཐོ། མགྱོགས་ལམ་ (shortcuts) ལྟ་བུ།
- དགོས་དུས་དམིགས་བསལ་ཚན་པ་བེད་སྤྱོད་བྱ་རྒྱུ། ངལ་གསོ་ཐོབ་སེང་དགོངས་ཞུ། ཁེ་ཕན་ཐོབ་ཐང་། ཕོགས་སྤྲོད། ཟབ་སྦྱོང་། ལས་འཁུར་ཞུ་ཕྱོགས་སོགས།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
ཁ་པར་གཏོང་བའམ་གློག་འཕྲིན་བསྐུར་རྒྱུ།
- ཁྱེད་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ལས་བྱེད་བདག་གཉེར་ཡིག་ཚང་ལ་དྲ་མིང་ངོ་རྟགས་དང་། ཁ་འབྱེད། ཡང་ན་ལས་ཞུགས་སྐོར་གྱི་དྲི་བ་ལྟ་བུ།
- Link UW བརྒྱུད་ནས་ངའི་ཁ་ཕེན་ཐོབ་ཐང་ My Benefits སྤྱད་དེ་ཁེ་ཕན་ཐོབ་ཐང་ཁོངས་སུ་འཛུལ་ཞུགས་བྱེད་པའམ་ཁྱེད་ཀྱི་ཁེ་ཕན་ ཐོབ་ཐང་ལ་འགྱུར་བ་གཏོང་བ།
- GetHelpUW (Workday རོགས་འདེགས་དྲ་ངོས)
- བརྡ་འཕྲིན་ཚན་རྩལ་ལས་ཁུངས་རོགས་རམ་མདུན་ཅོག་ DoIT Help Desk (ཁ་འབྱེད་དང་། NetID/MFA-Duo ། ཡང་ན་ འཛུལ་ཞུགས་དཀའ་ངལ་ལྟ་བུ)
གནས་ཚུལ་རྒྱས་པ་ཤེས་རྟོགས་གནང་རྒྱུ།
ཕོགས་ཐོབ་འདེམ་སྒྲུག (ཐད་ཀར་བཅོལ་འཇོག) [Payment Election (Direct Deposit)]
སུ།
གླ་ཕོགས་ཤོག་འཛར་ཐོབ་མཁན་ལས་བྱེད་ཡོངས། (ཕོགས་མེད་བསྐོ་བཞག་ལས་བྱེད་རྣམས་ཚུད་མེད)
ཅི་ཞིག
ཐད་ཀར་བཅོལ་འཇོག་བརྒྱུད་ནས་ཕོགས་ཐོབ་ལེན་རྒྱུ (དངུལ་སྒོར་ཐད་ཀར་ཁྱེད་ཀྱི་མི་སྒེར་དངུལ་ཁང་ཐོ་ཁོངས་ནང་དུ་འགྲོ་རྒྱུ)།
ཅིའི་ཕྱིར།
ཁྱེད་ལ་ U.S. Bank Focus Pay Card འམ་ཤོག་གུའི་ཅེག་འཛིན་ཐོག་ནས་བཅོལ་འཇོག་གིས་འབྱོར་དགོས་པ་ཞིག་མ་ཡིན་པར་ཁྱེད་རང་གི་ དངུལ་ཁང་ཐོ་ཁོངས་ནང་དུ་ཐད་ཀར་བཅོལ་འཇོག་བྱེད་པ་བརྒྱུད་ནས་གླ་ཕོགས་སྤྲོད་ཆོག
ག་དུས།
ཁྱེད་ཀྱི་ལས་ཀ་འགོ་འཛུགས་བྱེད་ཉིན་ནས་ཉིན་ ༥ ནང་ཚུན་ལ་ Workday (ཁྱེད་ཀྱི་དངུལ་ཁང་ཐོ་ཁོངས་གནས་ཚུལ་སྤྱད་དེ) ནང་དུ་ཐད་ཀར་བཅོལ་འཇོག་ བཟོ་སྒྲིག་བྱ་རྒྱུ།
གལ་ཏེ་ཁྱེད་རང་གི་དངུལ་ཁང་སྐོར་འབྲི་འཇུག་མ་བྱེད་ཚེ། ཁྱེད་ལ་
- ཤོག་གུའི་ཕོགས་ཐོབ་ཅེག་འཛིན་འབྱོར་རྒྱུ། ཡང་ན་།
- ཁྱེད་ཀྱི་ཕོགས་ཐོབ་ཅེག་འཛིན་དང་པོའི་ཆེད་དུ་ U.S. Bank Focus Pay Card ཁོངས་སུ་རང་འགུལ་གྱིས་ཁོངས་འཇུག་བྱེད་ངེས།
ཇི་ལྟར།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
ཁྱེད་ཀྱི་འབྲེལ་ཡོད་སྡེ་ཁག་ལས་བྱེད་བདག་གཉེར་ཡིག་ཚང་ལ་ཁ་པར་གཏོང་བའམ་གློག་འཕྲིན་བསྐུར་རྒྱུ།
དཔྱ་ཁྲལ་བསྡུ་འབབ (Tax Withholding) །
སུ།
Glacier ཐོ་ཁོངས་མེད་མཁན་ལས་བྱེད་ཡོངས།
ཅི་ཞིག
དབུས་སྲིད་གཞུང་དང་མངའ་སྡེ་གཞུང་གི་དཔྱ་ཁྲལ་བསྡུ་འབབ་བཟོ་སྒྲིག་བྱ་རྒྱུ (ཁྱེད་ཀྱི་གླ་ཕོགས་ནས་དངུལ་སྒོར་བཏོན་ཏེ་དཔྱ་ཁྲལ་སྒྲུབ་འཇལ་བྱེད་པ)
ཅིའི་ཕྱིར།
ཁྱེད་ཀྱི་གླ་ཕོགས་ནས་དངོས་འབྲེལ་གྱིས་དངུལ་སྒོར་ཅི་ཙམ་བསྡུ་ལེན་བྱེད་དེ་འབབ་ཁྲལ་ཆེད་དུ་སྤྲོད་ཀྱི་ཡོད་པ་ཤེས་རྟོགས་བྱ་རྒྱུ།
ག་དུས།
ཁྱེད་ཀྱི་ལས་ཉིན་དང་པོ་ལ་དབུས་སྲིད་གཞུང་དང་མངའ་སྡེའི་དཔྱ་ཁྲལ་བསྡུ་འབབ་སྐོར་གསར་སྣོན་བྱ་རྒྱུ།
- ཁྱེད་ལ་ཡོང་འབབ་ཁྲལ་འཇལ་ལ་དོ་ཕོག་ཐེབས་པའི་མི་ཚེའི་འགྱུར་ལྡོག་བྱུང་ཡོད་ཚེ་ཁྱེད་ཀྱི་འབབ་ཁྲལ་བསྡུ་འབབ་ལ་འགྱུར་བ་གཏོང་ཆོག (མངའ་སྡེ་གསར་པ་ཞིག་ཏུ་གནས་སྤོར་བ་དང་། ཁྱོ་ཤུག་འབྲེལ་བར་འགྱུར་ལྡོག ལས་ཀ་འཐོལ་བ་བྱེད་པ། ཡོང་འབབ་འཕར་མ་ཡོད་པ་ལྟ་བུ)
- གལ་ཏེ་ཁྱེད་རང་ཝི་སི་ཀོན་སིན་ཕྱི་ལོགས་སུ་གནས་སྡོད་དང་ལས་ཀ་བྱེད་ཀྱི་ཡོད་ཚེ། ཁྱེད་ཀྱི་མངའ་སྡེའི་དཔྱ་ཁྲལ་རྩིས་རྒྱག་ཆེད་ Workday ནང་དུ་རེས་མོས་ལས་ཀ་བྱ་ཡུལ་ (Alternate Work Location) འབྲི་འཇུག་བྱ་རྒྱུ། ཁྱེད་ཀྱི་གནས་སྟངས་འདི་ལྟར་ཡིན་ཚེ་ ཁྱེད་ཀྱི་འབྲེལ་ཡོད་སྡེ་ཁག་ལས་བྱེད་བདག་གཉེར་ཡིག་ཚང་ལ་ཁ་པར་གཏོང་བའམ་གློག་འཕྲིན་བསྐུར་རྒྱུ།
ཇི་ལྟར།
- ལས་བྱེད་ཀྱི་དབུས་སྲིད་གཞུང་དཔྱ་ཁྲལ་བསྡུ་འབབ་འདེམ་སྒྲུག་ [Federal Tax Withholding Elections – Employee] འགེང་འབུལ་བྱ་རྒྱུ།
- ལས་བྱེད་ཀྱི་མངའ་སྡེ་དང་ས་གནས་དཔྱ་ཁྲལ་བསྡུ་འབབ་འདེམ་སྒྲུག་ [State and Local Tax Withholding Elections – Employee]འགེང་འབུལ་བྱ་རྒྱུ།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
ཁྱེད་ཀྱི་འབྲེལ་ཡོད་སྡེ་ཁག་ལས་བྱེད་བདག་གཉེར་ཡིག་ཚང་ལ་ཁ་པར་གཏོང་བའམ་གློག་འཕྲིན་བསྐུར་རྒྱུ།
Glacier
སུ།
གཙུག་ལག་སློབ་ཆེན་ཕོགས་སྤྲོད་ཁྱབ་ཁོངས་སུ་གླ་ཕོགས་སམ་མ་དངུལ་ཐོབ་མཁན་ལས་བྱེད་ཕྱི་རྒྱལ་མི་དང་། ཡུལ་སྡོད་ཕྱི་མི། ཡུལ་སྡོད་མིན་པའི་ཕྱི་མི་ཡོངས།
ག་རེ།
Glacier ནི་ Workday དང་མཉམ་ལས་ཐོག་ཕོགས་ཐོབ་ཀྱི་ཁྲལ་འབབ་འཕྱུག་པ་མེད་པར་བསྡུ་ལེན་བྱེད་པའི་མཉེན་ཆས་ལས་རིམ་ཞིག་རེད།
ཅིའི་ཕྱིར།
Glacier ཡིས་དཔྱ་ཁྲལ་བསྡུ་འབབ་འཕྱུག་པ་མེད་པ་དང་དཔྱ་ཁྲལ་ཡུལ་མིའི་གནས་བབ་གང་ཡིན་ཐག་གཅོད་བྱེད།
ག་དུས།
- ཁྱེད་ལ་ལས་ཀར་བསྐོ་བཞག་བྱས་ཉིན་རྗེས་སུ་ Glacier ཐོ་ཁོངས་ཤིག་འབྱོར་ངེས།
- ཁྱེད་རང་ལས་ཀར་བསྐོ་བཞག་བྱས་པའི་ཉིན་ ༥ ནང་ཚུན་ Glacier ཐོ་ཁོངས་ངེས་པར་དུ་གསར་བཅོས་བྱེད་དགོས།
- ཁྱེད་རང་གི་Glacier ཐོ་ཁོངས་གསར་བཅོས་བྱས་པའི་ཉིན་ ༢ ནང་ཚུན་ཡིག་ཆ་དང་དགོས་འདུན་བླང་བྱ་བཏོན་པའི་ཡིག་ཆའི་ངོ་བཤུས་ངེས་ པར་དུ་འབུལ་སྤྲོད་ཞུ་དགོས། འགྱུར་བའི་ཁོངས་སུ་ཕལ་ཆེར་ཐོངས་མཆན་ཀྱི་རིགས་དང་། གཞིས་སྤོ་གནས་བབ་དུས་འགྱངས། ཕྱིར་ཐོན་ཟླ་ཚེས། ཡང་ན་ཨ་རིར་གནས་སྡོད་བཅས་ཚུད་ཡོད།
ཇི་ལྟར།
- ང་ལ་ Glacier ཐོ་ཁོངས་ཇི་ལྟར་ཐོབ་དགོས་ཞེས་པར་བལྟ་རྒྱུ།
- དྲི་བ་ཡོད་དམ། glacier@ohr.wisc.eduལ་གློག་འཕྲིན་བསྐུར་རྒྱུ།
- ཁྱེད་ཀྱིས་ཡིག་ཆ་རྣམས་ངེས་པར་དུ་ 21 N. Park Street, Room 5101 (5th floor) ན་ཡོད་པའི་ལས་བྱེད་བདག་གཉེར་ལས་ཁུངས་ (Office of Human Resources) ལ་འཁྱེར་དགོས།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
རྒྱལ་སྤྱིའི་ཕོགས་སྤྲོད་དང་དཔྱ་ཁྲལ་ International Payroll and Taxes དྲ་ཚིགས་ལ་བལྟ་རྒྱུ།
Wiscard ཝི་སི་ཀར་ཌི།
སུ།
སློབ་ཕྲུག་དང་། ལས་བྱེད། རྒས་ཡོལ། མཚན་གནས་རྗེས་འབྲེལ emeriti ། ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་སྨན་ཁང་། ཝི་སི་ཀོན་སིན་ གཙུག་ལག་སློབ་ཆེན་སྒྲིག་འཛུགས། ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་རྒྱ་སྐྱེད་ཡན་ལག་ UW–Extension འབྲེལ་ཡོད་ཀུན།
ག་རེ།
ཁྱེད་ཀྱི་ཝི་སི་ཀར་ཌི་Wiscard ནི་ཁྱེད་ཀྱི་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གཞུང་འབྲེལ་འདྲ་པར་ངོ་རྟགས་ལག་འཁྱེར་རེད།
གཤམ་གསལ་ཆེད་དུ་ཁྱེད་ཀྱི་ཝི་སི་ཀར་ཌི་ Wiscard བེད་སྤྱོད་བྱ་རྒྱུ།
- སློབ་ཆེན་གྱི་ཁང་པའི་ནང་དུ་འགྲོ་འཛུལ།
- ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གྱི་དཔེ་མཛོད་ཁང་དང་། Rec Well ཁང་ཁུངས། སྦ་སི་བཅས་བེད་སྤྱོད།
- གཙུག་ལག་སློབ་ཆེན་གྱི་ཞབས་ཞུ་ཆེད་དུ་གཟུགས་ཅན་ངོ་བོ་མཚོན་པའི་ལག་འཁྱེར་ཞིག་ཡིན་པ།
- ཟ་འཐུང་དང་། དཔེ་དེབ་ཚོང་ཁང་། རང་འགུལ་ཚོང་ཟོག་ (vending) ཆེད་དུ་རང་དངུལ་བྱང་བུ་ཀར་ཌི་ཐོ་ཁོངས་ (debit account) ཀྱི་གདམ་ཀ (རྒྱུན་དུ་ 5% ཆག་ཡང་ཡོད་པ)
ཅིའི་ཕྱིར།
ཁྱེད་ཀྱི་ཝི་སི་ཀར་ཌི་ Wiscard ནི་ཁྱེད་ཀྱི་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ལག་འཁྱེར་རེད་ལ། དེ་བེད་སྤྱོད་ཀྱིས་ཁང་པར་འགྲོ་འཛུལ་དང་ཞབས་ཞུ་ ཞུ་ལེན་བྱེད་དགོས།
ག་དུས།
- དགེ་རྒན་དང་ལས་བྱེད། ཁྱེད་ཀྱི་ཝི་སི་ཀར་ཌི་ Wiscardལས་ཀ་འགོ་འཛུགས་མ་བྱེད་ཉིན་ ༡༤ སྔོན་ལ་ལེན་ཐུབ།
- སློབ་ཕྲུག ཁྱེད་ཀྱི་ཝི་སི་ཀར་ཌི་ Wiscardའཛིན་གྲྭར་ཐོ་འགོད་བྱས་རྗེས་སམ་རྒྱུས་སྟོན་སྦྱོང་བརྡར་སྐབས་ལེན་རྒྱུ།
- ཁྱེད་ཀྱི་ཝི་སི་ཀར་ཌི་ Wiscardདང་པོ་རིན་མེད་ཡིན་ལ་ལོ་ ༥ ལ་འདང་ངེས།
ཇི་ལྟར།
- ཝི་སི་ཀར་ཌི་ Wiscard ཡིག་ཚང་ (ཁང་མིག་ཨང་ 149 in Union South, 1308 W Dayton) འགྲོ་རྒྱུ།
- ཕྱི་སྐྱོད་ལག་འཁྱེར་རམ་ཨ་རིའི་ཁ་ལོ་པའི་ལག་འཁྱེར་ལྟ་བུ་སྲིད་གཞུང་གི་སྤྲད་པའི་པར་ཅན་ངོ་རྟགས་ལག་འཁྱེར་འཁྱེར་ཡོང་རྒྱུ།
- ཝི་སི་ཀར་ཌི་Wiscard ལས་བྱེད་ཀྱིས་ཁྱེད་ཀྱི་འདྲ་པར་ལེན་པ་དང་། ཁྱེད་ཀྱི་ཝི་སི་ཀར་ཌི་ Wiscard གང་མགྱོགས་སྤྲོད་ངེས།
- ཁྱེད་ཀྱིས་མི་དངོས་ཆེད་སྐྱོད་དམ་དྲ་ཐོག་ནས་ཁྱེད་རང་གི་སློབ་ཆེན་རང་དངུལ་ཐོ་ཁོངས་(debit account) ལས་སུ་རུང་བ་བཟོ་དགོས།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
ཝི་སི་ཀར་ཌི་ Wiscard ཡིག་ཚང་།
- Union South, ཁང་མིག་ཨང་ 149, 1308 W Dayton ཕེབས་རྒྱུ།
- ༦༠༨ ༢༦༢ ༣༢༥༨ ལ་ཁ་པར་གཏོང་བའམ་ wiscard@union.wisc.eduགློག་འཕྲིན་བསྐུར་རྒྱུ།
- འདི་ནས་གནས་ཚུལ་རྒྱས་པ་གཟིགས་རྒྱུ། Wiscard རྒྱུན་འདྲིའི་དྲི་བ།
ཀར་ཌི་བོར་བརླག་གམ་རྐུ་འཁྱེར་ཤོར་ཚེ། དྲ་སྒོ་ནས་རྩིས་མེད་བཟོ་རྒྱུ་དང་ཝི་སི་ཀར་ཌི་ Wiscard ཡིག་ཚང་ལ་འབྲེལ་བ་བྱ་རྒྱུ།
ལས་བཅར་དུས་ཚོད་རེའུ་མིག་དང་དུས་ཚོད་ཐོ་འགོད (Time Sheets and Time Logging) །
སུ།
གཤམ་འཁོད་ཐོ་གཞུང་ལ་བལྟ་རྒྱུ (4.a དང་ 4.b) ཁྱེད་ཀྱི་ལས་བྱེད་དབྱེ་བའམ་རིགས་ (employee classification) གང་ཡིན་བཙལ་ཏེ་ ཁྱེད་ཀྱི་ལས་བཅར་ཆུ་ཚོད་ཐོ་འགོད་ཇི་ལྟར་བྱེད་དགོས་པ་རྒྱུས་ལོན་བྱ་རྒྱུ།
ག་རེ།
ལས་བཅར་ཞུས་པའི་ཆུ་ཚོད་ཐོ་འགོད་བྱ་རྒྱུ།
(4.a) གལ་ཏེ་ཁྱེད་ཀྱི་ལས་བྱེད་དབྱེ་བའམ་རིགས་གཤམ་འཁོད་གང་རུང་ཡིན་ཚེ། ཁྱེད་ཀྱི་ལས་བཅར་ཆུ་ཚོད་ཐོ་འགོད་བྱེད་པར་དུས་ཚོད་འཁོར་ཆས་སམ་ ལས་བཅར་དུས་ཚོད་རེའུ་མིག (Time Clock or the Timesheet) བེད་སྤྱོད་བྱ་རྒྱུ།
- ཆུ་ཚོད་ལྟར་གྱི་གཙུག་ལག་སློབ་ཆེན་ལས་བྱེད་ཚན་པ (Hourly University Staff)
- ཆག་ཡང་མེད་པའི་རིག་གནས་ལས་བྱེད་ཚན་པ (Nonexempt Academic Staff)
- ཆུ་ཚོད་ལྟར་གྱི་སློབ་ཕྲུག (Student Hourly)
- ཆག་ཡང་མེད་པའི་ཞིབ་འཇུག་ལས་རོགས (Nonexempt Graduate Assistant)
(4.b) གལ་ཏེ་ཁྱེད་ཀྱི་ལས་བྱེད་དབྱེ་བའམ་རིགས་གཤམ་འཁོད་གང་རུང་ཡིན་ཚེ། དགོས་དུས་ (ཁྱེད་ཀྱི་ལས་བཅར་ཆུ་ཚོད་ཐོ་འགོད་མ་བྱེད) Workday ནང་དུ་ངལ་གསོ་ཐོབ་སེང་དགོངས་ཞུ་འབུལ་རྒྱུ།
- ཆག་ཡང་ཅན་གྱི་རིག་གནས་ལས་བྱེད་ཚན་པ (Exempt Academic Staff)
- ཆག་ཡང་ཅན་གྱི་གཙུག་ལག་སློབ་ཆེན་ལས་བྱེད་ཚན་པ (Exempt University Staff)
- དགེ་རྒན (Faculty)
- ཆག་ཡང་ཅན་གྱི་ཚད་བཀག་ལས་བྱེད (Exempt Limited Staff)
ཅིའི་ཕྱིར།
ཁྱེད་ཀྱི་ཆུ་ཚོད་འཕྱུག་པ་མེད་པར་ཐོ་འགོད་བྱ་རྒྱུ། དེ་ལྟར་ཁྱེད་ལ་གླ་ཕོགས་ཏག་ཏག་སྤྲོད་ཐུབ།
ག་དུས།
(4.a) གལ་ཏེ་ཁྱེད་ཀྱིས་ལས་བཅར་དུས་ཚོད་རེའུ་མིག་ (Timesheet) གམ་དུས་ཚོད་འཁོར་ཆས་ (Time Clock) བེད་སྤྱོད་བྱེད་ཀྱི་ཡོད་ཚེ། ཁྱེད་ཀྱིས་ལས་བཅར་ཞུས་པའི་ལས་དུས་ (shift) རེ་རེའི་ཆུ་ཚོད་ཐོ་འགོད་བྱ་རྒྱུ།
(4.b) གལ་ཏེ་ཁྱེད་ཀྱིས་ Workday བེད་སྤྱོད་བྱེད་ཀྱི་ཡོད་ཚེ།
- ཁྱེད་ཀྱིས་རང་ཉིད་ཀྱི་ལས་དུས་རེ་རེའི་ཆུ་ཚོད་ཐོ་འགོད་མི་བྱེད་ཚེ། བེད་སྤྱོད་བྱེད་པའི་དངོས་འབྲེལ་གནས་ཚུལ་དང་བསྟུན་ནས་ཕོགས་ཡོད་ངལ་གསོ་ཐོབ་སེང་ (paid time off) འབྲི་འཇུག་བྱ་རྒྱུ།
- གལ་ཏེ་ཁྱེད་ཀྱིས་ཟླ་བ་གཅིག་རིང་ཕོགས་ཡོད་ངལ་གསོ་ཐོབ་སེང་བེད་སྤྱོད་བྱེད་ཀྱི་མེད་ཚེ། རྗེས་ཐོགས་ཟླ་བའི་ཉིན་ ༥ པ་འགྱངས་མེད་ Workday ནང་དུ་ “དགོངས་པ་ཞུས་མེད་ (no leave taken)” ཞེས་པ་འགོད་འབུལ་བྱ་རྒྱུ།
ཇི་ལྟར།
ལམ་སྟོན་ལ་གཟིགས་རྒྱུ། ལས་བྱེད་ཀྱི་དུས་ཚོད་ Workday ནང་དུ་འབྲི་འཇུག་བྱ་རྒྱུ།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
ཁྱེད་ཀྱི་ལྟ་རྟོག་པའམ་ཡང་ན་ཁྱེད་ཀྱི་འབྲེལ་ཡོད་སྡེ་ཁག་ལས་བྱེད་བདག་གཉེར་ཡིག་ཚང་ལ་ཁ་པར་གཏོང་བའམ་གློག་འཕྲིན་བསྐུར་རྒྱུ།།
ཐེངས་གཉིས་པར་བྱོས།
This is an accordion element with a series of buttons that open and close related content panels.
ཕོགས་སྤྲོད་ཟླ་ཐོ (Payroll Calendars) །
སུ།
གླ་ཕོགས་ཤོག་འཛར་ཐོབ་མཁན་ལས་བྱེད་ཡོངས། (ཕོགས་མེད་བསྐོ་བཞག་ལས་བྱེད་རྣམས་ཚུད་མེད)
ཅི་ཞིག
ཕོགས་སྤྲོད་ཟླ་ཐོ་ (ལོ་གྲངས་ལ་འདེམ་བྱང་གཡོན་པར་བལྟ་རྒྱུ) སྟེང་དུ་གཤམ་གསལ་འཁོད་ཡོད།
- ཕོགས་སྤྲོད་དུས་ཡུན།
- ཕོགས་སྤྲོད་དུས་ཚེས།
- གཅོག་ཆ (deductions) (ཁྱེད་ཀྱི་གླ་ཕོགས་ནང་ནས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གྱི་ཁེ་ཕན་ཐོབ་ཐང་ཆེད་དུ་དངུལ་སྒོར་ཅི་ཙམ་དང་ ཐེངས་ཅི་ཙམ་ལ་གཅོག་འཐེན་བྱེད་ཀྱི་ཡོད་པ)
ཅིའི་ཕྱིར།
ཁྱེད་ལ་གླ་ཕོགས་ག་དུས་སྤྲོད་ཀྱི་ཡོད་པ་ཤེས་རྟོགས་བྱ་རྒྱུ།
ག་དུས།
- ཕོགས་སྤྲོད་དུས་ཡུན་ནི་གཟའ་འཁོར་ ༢ རེ་ཡིན།
- དུས་རྒྱུན་ཁྱེད་ལ་རེས་གཟའ་ཕུར་བུ་ལ་གླ་ཕོགས་སྤྲོད་ཀྱི་ཡོད། དུས་ཚེས་དེར་གཞུང་འབྲེལ་གུང་གསེང་ངམ་དངུལ་ཁང་སྒོ་བརྒྱབ་པར་བརྟེན་ནས་ འགྱུར་བ་ཐེབས་སྲིད།
- ཁྱེད་ཀྱིས་ཕོགས་སྤྲོད་དུས་ཡུན་གྱི་དུས་དཀྱིལ་ཞིག་ལ་ལས་མགོ་བརྩམས་ཚེ། ཁྱེད་ཀྱི་གླ་ཕོགས་དང་པོ་དེ་རྗེས་འབྱུང་གླ་ཕོགས་ལས་ཉུང་བ་ཡོད།
ཇི་ལྟར།
ཕོགས་སྤྲོད་ཟླ་ཐོ་དཔར་བཤུས་བརྒྱབ་ཏེ་ཁྱེད་ལ་གླ་ཕོགས་ག་དུས་སྤྲོད་པ་འཚོལ་འདེད་བྱ་རྒྱུ། ཁྱེད་ཀྱིས་སྣེ་ལེན་ཁང་ Welcome Center ནས་ དཔར་བཤུས་བྱེད་ཆོག
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
ཁྱེད་ཀྱི་ལྟ་རྟོག་པའམ་ཡང་ན་ཁྱེད་ཀྱི་འབྲེལ་ཡོད་སྡེ་ཁག་ལས་བྱེད་བདག་གཉེར་ཡིག་ཚང་ལ་ཁ་པར་གཏོང་བའམ་གློག་འཕྲིན་བསྐུར་རྒྱུ།
དགོངས་ཞུ་ཐོབ་སེང་ཡར་ཞུ་བྱེད་པ (Leave Reporting) །
སུ།
དགོངས་ཞུ་ཐོབ་སེང་རག་མཁན་ལས་བྱེད་ཡོངས (ལོ་འཁོར་གུང་གསེང་ཐོབ་སེང་དང་། ནད་དགོངས། ཁྲིམས་མཐུན་གཞུང་འབྲེལ་གུང་གསེང་། སྒེར་དགོངས། ལས་ཆད་ཐོབ་སེང་ leaves of absence གཞན་པ་བཅས)
ཁྱེད་ལ་དགོངས་ཞུ་ཐོབ་སེང་རག་གི་ཡོད་མེད་ལ་བལྟ་ཆེད་ LinkUW ཡིས་ཁྱེད་ལ་བསྐུར་བའི་དགའ་བསུའི་གློག་འཕྲིན་ཀློག་རྒྱུ།
ག་རེ།
ཁྱེད་ཀྱི་ཕོགས་ཡོད་ངལ་གསོ་ཐོབ་སེང་དང་ལས་ཆད་ཐོབ་སེང་ཐོ་འགོད་བྱ་རྒྱུ།
ཁྱེད་ལ་འོས་ཆོས་ཚང་སྲིད་པའི་ཕོགས་ཡོད་དགོངས་ཞུ་ཐོབ་སེང་རིགས།
- ནད་དགོངས།
- ཁྲིམས་མཐུན་གཞུང་འབྲེལ་གུང་གསེང་།
- ལོ་འཁོར་གུང་གསེང་ཐོབ་སེང་།
- སྒེར་དགོངས།
ཁྱེད་ཀྱིས་ཕ་མའི་ཕྲུ་གུ་གསོ་སྐྱོང་ཐོབ་སེང་ parental leave དང་། བཤེར་དཔང་འགན་འཁྲི (jury duty) ། དབང་རྟེན་ཞལ་འདེབས་ཆེད་དུ་ ཕོགས་ཡོད་ལས་ཆད་ཐོབ་སེང་ (paid leaves of absence) ཞུ་ལེན་ཆ་རྐྱེན་ཚང་སྲིད།
ཅིའི་ཕྱིར།
ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གྱིས་ལས་བྱེད་ཚོ་ལ་ལས་ཀ་དང་མི་སྒེར་འཚོ་བར་བཏང་སྙོམས་ཡོང་བར་རོགས་རམ་བྱེད་འདོད་ཡོད། ཁྱེད་ཀྱིས་མཚམས་རེར་ངལ་གསོ་ཐོབ་སེང་ཞུ་བའམ་ལས་ཆད་ཐོབ་སེང་ཞུ་དགོས་པ་ང་ཚོས་ཤེས།
ག་དུས།
ཁྱེད་ཀྱིས་ཕོགས་ཡོད་ངལ་གསོ་ཐོབ་སེང་བེད་སྤྱོད་བྱེད་སྐབས། ལམ་སེང་ཐོ་འགོད་བྱ་རྒྱུ། དེ་ལྟར་ཁྱེད་ལ་གླ་ཕོགས་ཏག་ཏག་སྤྲོད་ཐུབ། LinkUW ཡིས་ ཁྱེད་ལ་ལམ་སྟོན་བྱེད་ངེས།
ཇི་ལྟར།
ཁྱེད་རང་LinkUW ཡི་ཕོགས་སྤྲོད་དང་ཁེ་ཕན་ཐོབ་ཐང་ལས་སྣེར་ཐུག་སྐབས་ཁྱེད་ལ་ཡོད་པའི་ཕོགས་ཡོད་དགོངས་ཞུ་ཐོབ་སེང་རིགས་མི་འདྲ་བའི་སྐོར་ རྒྱུས་ལོན་བྱ་རྒྱུ།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
འབྲེལ་གཏུག
- Link UW: help.linkuw@wisc.edu.
- ཁྱེད་ཀྱི་ལྟ་རྟོག་པ།
My Benefits
སུ།
ལས་བྱེད་ཡིད་ཆེས་དགེ་རྩ་ལས་ཁུངས་ [Employee Trust Funds (ETF)] བརྒྱུད་ནས་ཁེ་ཕན་ཐོབ་ཐང་གི་འོས་ཆོས་ཚང་མཁན་ལས་བྱེད་ཡོངས།
ཁྱེད་ཀྱིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ནས་ལས་མཚམས་བཞག་པའམ་རྒན་ཡོལ་ཞུས་རྗེས་ཀྱང་ My Benefits ངའི་ཁེ་ཕན་ཐོབ་ཐང་སྤྱོད་ཆོག
ག་རེ།
My Benefits ངའི་ཁེ་ཕན་ཐོབ་ཐང་ཟེར་བ་དྲ་ལམ་ཤོག་ངོས་ཤིག་ཡིན་ལ་དེར་ཁྱེད་ཀྱིས་གཤམ་གསལ་ཁག་ལ་བལྟ་ཐུབ།
- ལས་བྱེད་ཡིད་ཆེས་དགེ་རྩ་ལས་ཁུངས་ (ETF) བརྒྱུད་ནས་ཁྱེད་ཀྱི་ལས་བྱེད་ཁེ་ཕན་ཐོབ་ཐང་ཁོངས་སུ་འཛུལ་ཞུགས་དང་། ལྟ་ཞིབ། འགྱུར་བ་གཏོང་རྒྱུ།
- ཕྱི་ལོ་ ༢༠༡༢ ནས་ད་ལྟའི་བར་གྱི་ཁྱེད་ཀྱི་ཁེ་ཕན་ཐོབ་ཐང་འགྲེལ་བརྗོད་ (Statements of Benefits) ལ་ལྟ་ཞིབ་བྱ་རྒྱུ།
- དབང་པོ་སྐྱོན་ཅན་རྒས་ཡོལ་ཐོབ་ཐང་གི་རྩིས་འབབ་ཚོད་དཔག་དགོས་སྐོར་རེ་སྐུལ་ཞུ་རྒྱུ།
ཅིའི་ཕྱིར།
ཁྱེད་ཀྱིས་བདེ་འཇགས་ངང་གཤམ་གསལ་ཁག་བྱེད་ཆོག
- ཁྱེད་ཀྱི་ཁེ་ཕན་ཐོབ་ཐང་ལ་བལྟ་རྒྱུ།
- ཁྱེད་ཀྱིས་ཁེ་ཕན་ཐོབ་ཐང་ཆེད་དུ་དངུལ་འབབ་ཅི་ཙམ་སྤྲོད་ཀྱི་ཡོད་པར་བལྟ་རྒྱུ།
- ཁེ་ཕན་ཐོབ་ཐང་ཁོངས་སུ་འཛུལ་ཞུགས་བྱ་རྒྱུ།
- ཁྱེད་ལ་འོས་ཆོས་ཚང་བའི་མི་ཚེའི་དོན་རྐྱེན་བྱུང་ཡོད་ཚེ་ཁེ་ཕན་ཐོབ་ཐང་ལ་འགྱུར་བ་གཏོང་རྒྱུ།
- ཁྱེད་ཀྱི་རྗེས་འབྲང་ནང་མིའི་གནས་ཚུལ་ལ་བལྟ་རྒྱུ་དང་གསར་བཅོས་བྱ་རྒྱུ།
- དགོས་འདུན་བླང་བྱ་བཏོན་པའི་ཡིག་ཆ་འབུལ་སྤྲོད་བྱ་རྒྱུ།
- ཝི་སི་ཀོན་སིན་རྒས་ཡོལ་སྒྲིག་འཛུགས་ (WRS) ཀྱི་དེ་སྔའི་ཁེ་ཕན་འགྲེལ་བརྗོད་ལ་བསྐྱར་ཞིབ་བྱ་རྒྱུ།
ག་དུས།
ཁྱེད་ཀྱི་ལས་ཡུན་གྱི་དུས་ཐོག་མཐའ་བར་གསུམ་དུ་ My Benefits ངའི་ཁེ་ཕན་ཐོབ་ཐང་གི་ཁ་ཕྱེས་ཏེ་ཁེ་ཕན་ཐོབ་ཐང་ལ་ བསྐྱར་ཞིབ་དང་། མིང་འགོད་འཛུལ་ཞུགས། འགྱུར་བ་གཏོང་ཆོག
ཁྱེད་རང་རྒན་ཡོལ་ལ་ཕྱིན་རྗེས་ཀྱང་ཐོ་ཁོངས་འདི་མུ་མཐུད་དུ་ཁེ་འབྱེད་ཆོག
ཇི་ལྟར།
གསལ་བཤད། MyUW ནང་གི་ My Benefits ངའི་ཁེ་ཕན་ཐོབ་ཐང་ཞེས་པར་ནོན་རྡེག་གིས་ My Benefits ངའི་ཁེ་ཕན་ཐོབ་ཐང་ཞེས་པའི་ ནང་དུ་འགྲོ་རྒྱུ།

གལ་ཏེ་འདི་ནི་ཁྱེད་ཀྱིས་ཐེངས་དང་པོར་ My Benefits ངའི་ཁེ་ཕན་ཐོབ་ཐང་ཞེས་པ་ཁ་འབྱེད་པ་ཐེངས་དང་པོ་ཡིན་ཚེ། My Benefits ནང་དུ་ཐོ་ཁོངས་ (account) ཞིག་གསར་བཟོ་བྱེད་དགོས།
ཁྱེད་ཀྱི་ My Benefits ངའི་ཁེ་ཕན་ཐོབ་ཐང་གི་ཐོ་ཁོངས་བཟོ་དགོས་ཚེ། གཤམ་གསལ་རྣམས་ངེས་པར་དུ་དགོས་ཀྱི་ཡོད།
- སྤྱི་ཚོགས་བདེ་འཇགས་ཨང་གྲངས [Social Security number (SSN)]
- གལ་ཏེ་ཁྱེད་ལ་སྤྱི་ཚོགས་བདེ་འཇགས་ཨང་གྲངས་མེད་ཚེ། སྤྱི་ཚོགས་བདེ་འཇགས་ཨང་གྲངས་ས་ཆར་ཁྱེད་ཀྱི་མི་སྒེར་ཁྲལ་འབུལ་ ངོ་རྟགས་ཨང་གྲངས་ [Individual Taxpayer Identification Number (ITIN)] འགོད་འཇུག་བྱ་རྒྱུ།
- སྤྱི་ཚོགས་བདེ་འཇགས་ཨང་གྲངས་སམ་མི་སྒེར་ཁྲལ་འབུལ་ངོ་རྟགས་ཨང་གྲངས་ (ITIN) མེད་ཚེ། སྤྱི་ཚོགས་བདེ་འཇགས་ ཨང་གྲངས་ས་ཆར་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གྱིས་སྤྲད་པའི་སྙན་འབུལ་ངོ་རྟགས་ལག་འཁྱེར་ (Reporting ID) འགོད་འཇུག་བྱ་རྒྱུ།
- མི་སྒེར་གློག་འཕྲིན་ཁ་བྱང་ (ལས་ཀའི་གློག་འཕྲིན་ཁ་བྱང་མིན་པ་ཞིག)
My Benefits སྐོར་ལ་ཤེས་རྟོགས་མང་དུ་བྱ་རྒྱུ།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
གཤམ་གསལ་རོགས་རམ་ཆེད་དུ།
- ཁྱེད་ཀྱི་ My Benefits account ངའི་ཁེ་ཕན་ཐོབ་ཐང་ཐོ་ཁོངས་བཟོ་དགོས་ཚེ། Wisconsin ID FAQ རྒྱུན་འདྲིའི་དྲི་བ་ཀློག་རྒྱུའམ་ ༦༠༨ ༤༧༡ ༦༦༦༧ ལ་ཁ་པར་གཏོང་རྒྱུ།
- ཁྱེད་ཀྱི་ཁེ་ཕན་ཐོབ་ཐང་སྐོར་རྒྱུས་ལོན་བྱེད་པའམ་ My Benefits ངའི་ཁེ་ཕན་ཐོབ་ཐང་བེད་སྤྱོད་ཀྱིས་ཁྱེད་ཀྱི་ཁེ་ཕན་ཐོབ་ཐང་ཁོངས་སུ་ མིང་འགོད་འཛུལ་ཞུགས་བྱེད་པའམ་འགྱུར་བ་གཏོང་རྒྱུར། LinkUW ལ་ help.linkuw@wisc.eduཐོག་འབྲེལ་བ་བྱ་རྒྱུ།
ཁེ་ཕན་ཐོབ་ཐང་སྟེ་སློབ་ཕྲུག་མིན་པའི་ལས་བྱེད་ཚོའི་ཆེད་དུ་ཝི་སི་ཀོན་སིན་རྒས་ཡོལ་སྒྲིག་འཛུགས (Wisconsin Retirement System)
སུ།
གལ་ཏེ་ཁྱེད་རང་གཤམ་གསལ་གང་རུང་ཞིག་ཡིན་ཚེ་ཝི་སི་ཀོན་སིན་རྒས་ཡོལ་སྒྲིག་འཛུགས་ [Wisconsin Retirement System (WRS)] ནས་ཁེ་ཕན་ཐོབ་ཐང་ལ་འོས་ཆོས་ཚང་སྲིད།
- གཙུག་ལག་སློབ་ཆེན་ལས་བྱེད་ཚན་པ (University Staff)
- དགེ་རྒན།
- རིག་གནས་ལས་བྱེད་ཚན་པ (Academic Staff)
- དུས་བཀག་བསྐོ་བཞག་ལས་བྱེད (Limited Appointee)
ཁྱེད་ལ་ཝི་སི་ཀོན་སིན་རྒས་ཡོལ་སྒྲིག་འཛུགས་ (WRS) ཀྱི་ཁེ་ཕན་ཐོབ་ཐང་ལ་འོས་ཆོས་ཚང་མིན་བལྟ་ཆེད་ LinkUW ཡིས་བསྐུར་བའི་ དགའ་བསུའི་གློག་འཕྲིན་ཀློག་རྒྱུ།
ག་རེ།
ཝི་སི་ཀོན་སིན་རྒས་ཡོལ་སྒྲིག་འཛུགས་ [Wisconsin Retirement System (WRS)] ཀྱིས་ཝི་སི་ཀོན་སིན་གཙུག་ལག་ སློབ་ཆེན་གྱི་ལས་བྱེད་དང་ཝི་སི་ཀོན་སིན་མངའ་སྡེའི་སྲིད་གཞུང་ལས་བྱེད་ཡོངས་ལ་རྒས་ཡོལ་ཐོབ་ཐང་སྤྲོད་ཀྱི་ཡོད།
ཝི་སི་ཀོན་སིན་རྒས་ཡོལ་སྒྲིག་འཛུགས་WRS ཀྱིས་སྤྲོད་པའི་ལས་བྱེད་ཀྱི་ཁེ་ཕན་ཐོབ་ཐང་གཟིགས་རྒྱུ།
ཅིའི་ཕྱིར།
ཁྱེད་ལ་འོས་ཆོས་ཚང་ཚེ། གཤམ་འཁོད་ཁེ་ཕན་ཐོབ་ཐང་ལྟ་བུ་ནང་དུ་འཛུལ་ཞུགས་བྱེད་ཆོག
- སྨན་བཅོས། སོ་བཅོས། མིག་བཅོས། གསོལ་སྨན།
- ཁྲལ་བསྡུ་སྔོན་གྱི་གསོག་དངུལ་བཅུག་ཁྲ (Pre-Tax Savings Accounts)
- དབང་པོ་སྐྱོན་ཅན་ཁེ་ཕན་ཐོབ་ཐང་།
- ཚེ་སྲོག་ཉེན་སྲུང་འགན་ལེན།
- རྐྱེན་ངན་ཉེན་སྲུང་འགན་ལེན(Accident Insurance)
- ཡོང་འབབ་རྒྱུན་མཐུད་ཉེན་སྲུང་འགན་ལེན (Income Continuation Insurance)
- Deferred Compensation
- ཁ་གསབ་རྒས་ཡོལ་ལས་རིམ (Supplemental Retirement Program)
- ཝི་སི་ཀོན་སིན་རྒས་ཡོལ་སྒྲིག་འཛུགས་ (WRS) ཀྱི་ཁེ་ཕན་ཐོབ་ཐང་།
ཁྱེད་ལ་ཝི་སི་ཀོན་སིན་རྒས་ཡོལ་སྒྲིག་འཛུགས་ (WRS) ཀྱི་ཁེ་ཕན་ཐོབ་ཐང་ལ་འོས་ཆོས་ཚང་མིན་བལྟ་ཆེད་ཁྱེད་ལ་བསྐུར་བའི་ བསྐོ་བཞག་ཡི་གེ་ཀློག་རྒྱུ། དྲི་བ་ཡོད་ཚེ། help.linkuw@wisc.edu ལ་གློག་འཕྲིན་བསྐུར་རྒྱུ།
ག་དུས།
ཁྱེད་རང་ལ་ཁེ་ཕན་ཐོབ་ཐང་གི་འོས་ཆོས་ཚང་བ་དང་ཉིན་ ༣༠ ནང་ཚུན་ཁེ་ཕན་ཐོབ་ཐང་ཁོངས་སུ་འཛུལ་ཞུགས་བྱ་རྒྱུ།
- ཁྱེད་ཀྱིས་ལས་འཁུར་ཞུས་པའི་ཐོག་མའི་ཉིན་གྲངས་ ༣༠ ནང་ཚུན་ཁེ་ཕན་ཐོབ་ཐང་ཁོངས་སུ་འཛུལ་ཞུགས་བྱེད་པར་སོ་སོའི་ཟླ་ཐོ་སྟེང་དུ་ དྲན་སྐུལ་བརྡ་གཏོང་སྣོན་འཇོག་བྱ་རྒྱུ།
- ཁྱེད་ཀྱིས་འོས་ཆོས་ཚང་བའི་དོན་རྐྱེན་ (Qualifying Event) བྱུང་ན་འམ་ཡང་ན་ལོ་རེའི་ཕྱི་ཟླ་བཅུ་བའི་མིང་འགོད་འཛུལ་ཞུགས་ (Open Enrollment) སྐབས་སུ་མ་གཏོགས་ཉིན་གྲངས་ ༣༠ རྗེས་སུ་ཁེ་ཕན་ཐོབ་ཐང་ཁོངས་སུ་འཛུལ་ཞུགས་བྱེད་མི་ཆོག
ཇི་ལྟར།
ངའི་ཉེན་སྲུང་འགན་ལེན་ཁེ་ཕན་ཐོབ་ཐང་ (My Insurance Benefits) ནང་དུ་ཁྱེད་ཀྱི་ཁེ་ཕན་ཐོབ་ཐང་འདེམས་སྒྲུག་དང་། བསྐྱར་ཞིབ། འགྱུར་བ་གཏོང་རྒྱུ།
གསལ་བཤད། གལ་ཏེ་འདི་ནི་ཁྱེད་ཀྱིས་ཐེངས་དང་པོར་ངའི་ཉེན་སྲུང་འགན་ལེན་ཁེ་ཕན་ཐོབ་ཐང་ (My Insurance Benefits) གི་ཁ་འབྱེད་པ་ཐེངས་དང་པོ་ཡིན་ཚེ། ཁྱེད་ཀྱིས་ངེས་པར་དུ་ My Benefits ནང་དུ་ཐོ་ཁོངས་ (account) ཞིག་གསར་བཟོ་བྱེད་དགོས།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
Link UW ལ་འབྲེལ་བ་བྱ་རྒྱུ། help.linkuw@wisc.edu
ཁེ་ཕན་ཐོབ་ཐང་སྟེ་ཞིབ་འཇུག་སློབ་མའི་ (Graduate) ཁེ་ཕན་ཐོབ་ཐང་ལས་རིམ།
སུ།
ཝི་སི་ཀོན་སིན་རྒས་ཡོལ་སྒྲིག་འཛུགས་ (WRS) ཀྱི་ཐོབ་ཐང་ལ་འོས་ཆོས་མི་ཚང་བའི་ལས་བྱེད་རྣམ་པ།
- ཞིབ་འཇུག་སློབ་མ (Graduate Assistants)
- ལས་བྱེད་ཟབ་སྦྱོང་ལ་ཞུགས་བཞིན་པའི་ལས་བྱེད (འབུམ་རམས་པ་ཕྱི་མ་ postdocsཡང་ཚུད)
- ཞིབ་འཇུག་པ་ Fellows དང་ཤེས་ཡོན་ཅན།
- དུས་ཐུང་བསྐོ་བཞག་རིག་གནས་ལས་བྱེད་ཚན་པའི་ལས་བྱེད།
ཁྱེད་ལ་ཝི་སི་ཀོན་སིན་རྒས་ཡོལ་སྒྲིག་འཛུགས་ (WRS) ཀྱི་ཁེ་ཕན་ཐོབ་ཐང་ལ་འོས་ཆོས་ཚང་མིན་བལྟ་ཆེད་ LinkUW ཡིས་ བསྐུར་བའི་དགའ་བསུའི་གློག་འཕྲིན་ལ་བལྟ་རྒྱུ།
ག་རེ།
ཝི་སི་ཀོན་སིན་རྒས་ཡོལ་སྒྲིག་འཛུགས་ (WRS) ཀྱི་ཁེ་ཕན་ཐོབ་ཐང་ལ་འོས་ཆོས་མི་ཚང་བའི་ལས་བྱེད་ཚོའི་ཁེ་ཕན་ཐོབ་ཐང་།
ཝི་སི་ཀོན་སིན་རྒས་ཡོལ་སྒྲིག་འཛུགས་ WRS ཀྱིས་སྤྲོད་ཀྱི་མེད་པའི་ལས་བྱེད་ཚོའི་ཁེ་ཕན་ཐོབ་ཐང་ལ་གཟིགས་རྒྱུ།
ཅིའི་ཕྱིར།
ཁྱེད་ལ་ཝི་སི་ཀོན་སིན་རྒས་ཡོལ་སྒྲིག་འཛུགས་ (WRS) ཀྱི་འོས་ཆོས་ཚང་ཚེ། གཤམ་འཁོད་ཁེ་ཕན་ཐོབ་ཐང་ལྟ་བུ་ནང་དུ་འཛུལ་ཞུགས་བྱེད་ཆོག
- སྨན་བཅོས། སོ་བཅོས། མིག་བཅོས། གསོལ་སྨན།
- ཁྲལ་བསྡུ་སྔོན་གྱི་གསོག་དངུལ་བཅུག་ཁྲ (Pre-Tax Savings Accounts)
- དབང་པོ་སྐྱོན་ཅན་ཁེ་ཕན་ཐོབ་ཐང་།
- རྐྱེན་ངན་ཉེན་སྲུང་འགན་ལེན(Accident Insurance)
- ཚེ་སྲོག་ཉེན་སྲུང་འགན་ལེན།
- Deferred Compensation
- ཁ་གསབ་རྒས་ཡོལ་ལས་རིམ (Supplemental Retirement Program)
ག་དུས།
ཁྱེད་རང་ལ་ཁེ་ཕན་ཐོབ་ཐང་གི་འོས་ཆོས་ཚང་བ་དང་ཉིན་ ༣༠ ནང་ཚུན་ཁེ་ཕན་ཐོབ་ཐང་ཁོངས་སུ་འཛུལ་ཞུགས་བྱ་རྒྱུ།
- ཁྱེད་ཀྱིས་ལས་འཁུར་ཞུས་པའི་ཐོག་མའི་ཉིན་གྲངས་ ༣༠ ནང་ཚུན་ཁེ་ཕན་ཐོབ་ཐང་ཁོངས་སུ་འཛུལ་ཞུགས་བྱེད་པར་སོ་སོའི་ཟླ་ཐོ་སྟེང་དུ་ དྲན་སྐུལ་བརྡ་གཏོང་སྣོན་འཇོག་བྱ་རྒྱུ།
- ཁྱེད་ཀྱིས་ཉིན་གྲངས་ ༣༠ རྗེས་སུ་ཁེ་ཕན་ཐོབ་ཐང་ཁོངས་སུ་འཛུལ་ཞུགས་བྱེད་མི་ཆོག དམིགས་བསལ་ཅི་ཡང་མེད།
ཇི་ལྟར།
གསལ་བཤད། གལ་ཏེ་འདི་ནི་ཁྱེད་ཀྱིས་ཐེངས་དང་པོར་ངའི་ཉེན་སྲུང་འགན་ལེན་ཁེ་ཕན་ཐོབ་ཐང་ (My Insurance Benefits)
གི་ཁ་འབྱེད་པ་ཐེངས་དང་པོ་ཡིན་ཚེ། ཁྱེད་ཀྱིས་ངེས་པར་དུ་ My Benefits ནང་དུ་ཐོ་ཁོངས་ (account) ཞིག་གསར་བཟོ་བྱེད་དགོས།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
Link UW ལ་འབྲེལ་བ་བྱ་རྒྱུ། help.linkuw@wisc.edu
MyUW
སུ།
ལས་སུ་རུང་བའི་དྲ་མིང་ངོ་རྟགས་ NetID ཀྱིས་ MyUW ཡི་ཁ་འབྱེད་ཐུབ་པའི་མི་གང་རུང་།
ག་རེ།
MyUW ནི་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གྱི་གནས་ཚུལ་ཐོན་ཁུངས་དང་འབྲེལ་བའི་ཁྱེད་ཀྱི་དྲ་སྒོ་རེད།
ག་དུས།
དུས་གང་རུང་།
ཇི་ལྟར།
གཤམ་གསལ་ཁག་ལ་བལྟ་ཆེད་ MyUW ཡི་ཁ་འབྱེད་རྒྱུ།
- Workday (ཆུ་ཚོད་ཐོ་འགོད་དང་། དགོངས་པ་ཞུ་བ། ཕོགས་ཐོབ་ཤོག་ལྷེར་བལྟ་བ་སོགས)
- My Benefits (མིང་འགོད་འཛུལ་ཞུགས་དང་། འགྱུར་བཅོས། ཁྱེད་ཀྱི་ཁེ་ཕན་ཐོབ་ཐང་ལ་བལྟ་བ)
- ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གྱི་གློག་འཕྲིན་དང་། Box། Google ། Zoom ཡི་ཐོ་ཁོངས།
- ཆེད་ལས་ཡར་རྒྱས་ཀྱི་ཆེད་དུ་ LinkedIn སློབ་གཉེར།
- ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གྱི་ལས་བྱེད་ཆེད་དུ་ཐོ་ཁོངས་(accounts) གཞན་པ།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
ཁྱེད་ཀྱི་ལྟ་རྟོག་པའམ་ཡང་ན་ཁྱེད་ཀྱི་འབྲེལ་ཡོད་སྡེ་ཁག་ལས་བྱེད་བདག་གཉེར་ཡིག་ཚང་ལ་ཁ་པར་གཏོང་བའམ་གློག་འཕྲིན་བསྐུར་རྒྱུ།
ངེས་པར་དུ་ལེན་དགོས་པའི་ཟབ་སྦྱོང་།
སུ།
ལས་བྱེད་ཡོངས།
ག་རེ།
- ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་དུ་ཆགས་སྲེད་བརྙས་བཅོས་དང་ཆགས་སྲེད་དྲག་སྤྱོད་སྔོན་འགོག་འདི་བཞིན་གླ་ཕོགས་ཤོག་འཛར་ཐོབ་མཁན་ ལས་བྱེད་ཀུན་གྱིས་ལེན་དགོས་ཀྱི་ཡོད(དངུལ་འབབ་མེད་པའི་བསྐོ་བཞག་ཅན་དང་ཆུ་ཚོད་ལྟར་གྱི་སློབ་ཕྲུག་ཚུད་མེད)
- ཁྱེད་རང་གཙུག་ལག་སློབ་ཆེན་གྱིས་གླ་ཐོབ་ཞིབ་འཇུག་སློབ་མའམ་ཆེད་ལས་སློབ་ཕྲུག་ཅིག་ཡིན་ཚེ། ཟབ་སྦྱོང་འདི་ལེན་མི་དགོས།
- དེའི་ཚབ་ཏུ། ཞིབ་འཇུག་སློབ་མ་དང་ཆེད་ལས་སློབ་ཕྲུག་ཟབ་སྦྱོང་ལེན་དགོས་ཀྱི་ཡོད།
- ཟབ་སྦྱོང་སྐོར་གྱི་གནས་ཚུལ་རྒྱས་པ་འདི་ནས་གཟིགས་རྒྱུ།
- དྲ་ལམ་བདེ་འཇགས་ཟབ་སྦྱོང་འདི་བཞིན་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་བརྡ་འཕྲིན་ཚན་རྩལ་ཐོན་ཁུངས་སྤྱོད་མཁན་ལས་བྱེད་ཀུན་གྱིས་ལེན་ དགོས་ཀྱི་ཡོད།
- ཁྱེད་ཀྱིས་རང་གི་ལས་གནས་ལ་བརྟེན་ནས་ཟབ་སྦྱོང་གཞན་པ་ལེན་དགོས་པ་ཆགས་སྲིད།
ཅིའི་ཕྱིར།
གལ་ཏེ་ཁྱེད་ཀྱིས་ངེས་པར་དུ་ལེན་དགོས་པའི་ཟབ་སྦྱོང་མ་ལེན་ཚེ། གླ་ཕོགས་སྤར་ཆ་ལེན་པའི་ཆ་རྐྱེན་ཚང་མི་སྲིད་ལ་ལས་གནས་ནས་ཕྱིར་འབུད་གཏོང་སྲིད།
ག་དུས།
ཟབ་སྦྱོང་རེ་རེར་དུས་བཀག་རྒྱས་བཅད་རེ་ཡོད། ཟབ་སྦྱོང་ཁ་ཤས་ཁྱེད་ཀྱིས་ལས་ཀ་མགོ་བརྩམས་ཐོག་མའི་ཉིན་ ༣༠ ནང་ཚུད་ངེས་པར་དུ་ལེན་དགོས་ཀྱི་ཡོད།
- ཁྱེད་ཀྱི་ཐོག་མའི་ཉིན་ ༣༠ ནང་ཚུད་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་དུ་ཆགས་སྲེད་བརྙས་བཅོས་དང་ཆགས་སྲེད་དྲག་སྤྱོད་སྔོན་འགོག་འདི་ བཞིན་ཁྱེད་ཀྱི་ཐོག་མའི་ཉིན་ ༣༠ ནང་ཚུད་དང་དེ་ནས་ལོ་ ༤ རེའི་མཚམས་ལེན་རྒྱུ།
- དྲ་ལམ་བདེ་འཇགས་ཟབ་སྦྱོང་འདི་བཞིན་ལོ་རེར་ལེན་རྒྱུ།
ཇི་ལྟར།
ཟབ་སྦྱོང་མང་པོ་ཞིག་དྲ་ལམ་དུ་ཡོད་པ་དང་རང་གི་མགྱོགས་ཚད་ལྟར་ཡོད། ཁྱེད་ཀྱིས་ངེས་པར་དུ་ལེན་དགོས་པའི་ཟབ་སྦྱོང་སློབ་ཚན་སྐོར་ Workday ཡི་དྲ་ངོས་གཙོ་བོ་ནས་བལྟ་ཐུབ། ཤོག་ངོས་སམ་ཡིག་བསྒྱུར་བྱས་པའི་ཟབ་སྦྱོང་གི་གདམ་ཀའི་སྐོར་ཁྱེད་ཀྱི་ལས་བྱེད་བདག་གཉེར་ཡིག་ཚང་ལ་འདྲི་རྒྱུ།
- ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་དུ་ཆགས་སྲེད་བརྙས་བཅོས་དང་ཆགས་སྲེད་དྲག་སྤྱོད་སྔོན་འགོག
- དྲ་ལམ་བདེ་འཇགས་ཟབ་སྦྱོང་།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
ཁྱེད་ཀྱི་ལས་བྱེད་བདག་གཉེར་ཡིག་ཚང་ལ་ཁ་པར་གཏོང་བའམ་གློག་འཕྲིན་བསྐུར་རྒྱུ།
བདེ་འཇགས།
སུ།
ལས་བྱེད་ཡོངས།
ག་རེ།
ལས་བྱེད་ཚོར་བདེ་འཇགས་གནས་ཚུལ།
ཁོར་ཡུག་འཕྲོད་བསྟེན་དང་བདེ་འཇགས་ལས་ཁུངས་ [Environmental Health and Safety (EHS)] ནས་ལུས་ཤུགས་བཀོལ་སྤྱོད་ ལམ་སྟོན (Ergonomics Guidance)
- ལུས་ཤུགས་བཀོལ་སྤྱོད།
- འཕྲུལ་ཆས། ཁོར་ཡུག འགུལ་སྐྱོད་དགོས་མཁོ། ལས་བྱེད་ཀྱི་ལུས་ཀྱི་སྟངས་སྟབས་བཅས་ཁྱེད་ཀྱིས་ལུས་པོ་ལ་བརྟེན་ནས་ ལས་ཀ་བྱེད་སྟངས་ལ་དམིགས་པ་གཏོད་རྒྱུ།
- ལས་ཀར་བདེ་པོ་ཡོང་ཐབས་ཇེ་ལེགས་གཏོང་བ་དང་། ངལ་དུབ་ཇེ་ཉུང་གཏོང་བ། རྨས་སྐྱོན་སྔོན་འགོག་གནང་རྒྱུ།
- ཁོར་ཡུག་འཕྲོད་བསྟེན་དང་བདེ་འཇགས་ལས་ཁུངས་ EHS ཀྱིས་ལས་བྱེད་རྣམས་ལ་བདེ་འཇགས་དང་བདེ་པོ་ཅན་གྱི་ལས་ཀ་བྱ་ཡུལ་ བཀོད་སྒྲིག་བྱེད་པར་རོགས་རམ་བྱེད།
ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ཉེན་རྟོག་ལས་ཁུངས་[UW Police Department (UWPD)] ཀྱི་སློབ་ཆེན་བདེ་འཇགས་གནས་ཚུལ།
- སློབ་ཆེན་གྱི་ཛ་དྲག་དོན་རྐྱེན་སྐོར་གྱི་འཕྲིན་ཐུང་གསལ་བསྒྲགས་འབྱོར་ཆེད་ཝི་སི་ཀི་ཉེན་བརྡ་ WiscAlerts ལ་མིང་ཐོ་འགོད་རྒྱུ།
- ཁྱེད་ཀྱི་ལག་འཁྱེར་ཡོ་ཆས་ནང་དུ་ཛ་དྲག་དོན་རྐྱེན་ཉེན་བརྡ་དང་སློབ་ཆེན་བདེ་འཇགས་འཕྲིན་ཐུང་འབྱོར་ཆེད་རྦད་ཇེར་བདེ་འཇགས་ BadgerSafe བཀོལ་ཆས་བེད་སྤྱོད་གནང་རྒྱུ།
- ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ཉེན་རྟོག་ལས་ཁུངས་ལས་བྱེད་སློབ་ཆེན་བདེ་འཇགས་ལམ་སྟོན་UWPD Employee Campus Safety Guide ནང་ནས་བདེ་འཇགས་ཡོང་ཐབས་མན་ངག་འཚོལ་རྒྱུ།
ཅིའི་ཕྱིར།
ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གྱིས་ལས་ཀ་བྱ་ཡུལ་འཕྲོད་པོ་ཡོང་ཐབས་དང་ཛ་དྲག་གནས་སྟངས་ལ་ཡ་ལན་སྤྲོད་པར་འབད་བརྩོན་བྱེད་ཀྱི་ཡོད།
ག་དུས།
ང་ཚོས་ཁྱེད་ལ་གཤམ་གསལ་ཐོག་འབོད་སྐུལ་ཞུ་རྒྱུ་ཡིན།
- ཁྱེད་ཀྱི་ལས་ཞུགས་ཐོག་མའི་ཉིན་ ༣༠ ནང་ཚུད་རང་ངོས་ལུས་ཤུགས་བཀོལ་སྤྱོད་བརྟག་དཔྱད་གཙང་སྒྲུབ་བྱ་རྒྱུ།
- ཁྱེད་རང་སློབ་ཆེན་དུ་སླེབས་ནས་ཉིན་དང་པོའི་སྔོན་ལ་རྦད་ཇེར་བདེ་འཇགས་ BadgerSafe བཀོལ་ཆས་ཕབ་ལེན་གནང་རྒྱུ།
ཇི་ལྟར།
- དུས་གང་རུང་ལ་དྲ་ལམ་རང་ངོས་ལུས་ཤུགས་བཀོལ་སྤྱོད་བརྟག་དཔྱད་གནང་རྒྱུ།
- ལུས་ཤུགས་བཀོལ་སྤྱོད་ཞབས་ཞུ་རེ་སྐུལ་འགེང་ཤོག་འགེང་འབུལ་གནང་རྒྱུ།
- ཁྱེད་ཀྱི་རེ་སྐུལ་ཆེད་དུ་ཁྱེད་ཀྱི་ལྟ་རྟོག་པའམ་སྡེ་ཁག་དབང་པོ་སྐྱོན་ཅན་ལས་དོན་ངོ་ཚབ་ (DDR) ལ་སྐད་ཆ་བཤད་རྒྱུ།
- དམིགས་བསལ་མཐུན་རྐྱེན་སྦྱོར་ཆེད་ཁྱེད་ཀྱི་དབང་པོ་སྐྱོན་ཅན་ལས་དོན་ངོ་ཚབ་ DDR ལ་འབྲེལ་བ་གནང་རྒྱུ།
- དུས་གང་རུང་ལ་རྦད་ཇེར་བདེ་འཇགས་ལག་འཁྱེར་བཀོལ་ཆས་ BadgerSafe Mobile App ཕབ་ལེན་གནང་རྒྱུ།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
ཁ་པར་གཏོང་བའམ་གློག་འཕྲིན་བསྐུར་རྒྱུ།
- ཁོར་ཡིག་འཕྲོད་བསྟེན་དང་བདེ་འཇགས་ལས་ཁུངས་ EHS ལུས་ཤུགས་བཀོལ་སྤྱོད། ༦༠༨ ༢༦༥ ༥༠༠༠ ལ་ ཁ་པར་གཏོང་བའམ་ ehs@wisc.edu ལ་གློག་འཕྲིན་བསྐུར་རྒྱུ།
- ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ཉེན་རྟོག་ལས་ཁུངས་རྦད་ཇེར་བདེ་འཇགས UWPD BadgerSafe། ༦༠༨ ༢༦༤ ༢༦༧༧ ལ་ ཁ་པར་གཏོང་བའམ་ uwpd@wisc.eduལ་གློག་འཕྲིན་བསྐུར་རྒྱུ།
- ཝི་སི་ཀི་ཉེན་བརྡ་ WiscAlerts ། ༦༠༨ ༢༦༤ ༢༦༧༧ ལ་ཁ་པར་གཏོང་བའམ་ uwpd@wisc.eduལ་གློག་འཕྲིན་བསྐུར་རྒྱུ།
འགྲིམ་འགྲུལ་དང་སྣུམ་འཁོར་བཀག་འཇོག
སུ།
སློབ་ཆེན་དུ་ཡོང་མིའམ་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ནམ་ཡང་མལ་ཌི་སིན་གྱི་སྲང་ལམ་དུ་སྣུམ་འཁོར་བཀག་འཇོག་བྱེད་མི་ཚང་མ།
ག་རེ།
- སློབ་ཆེན་དུ་རྐང་འཁོར་རམ་ལྕགས་རྟ་ཞོན་མཁན།
- ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གྱི་ལས་བྱེད་ཚོར་སྦ་སི་པ་སེ།
- སྣུམ་འཁོར་མཉམ་ཞོན Rideshare (སྣུམ་འཁོར་མཉམ་སྤྱོད carpooling)
- ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་སྣུམ་འཁོར་བཀག་འཇོག
- གྲོང་ཁྱེར་སྣུམ་འཁོར་བཀག་འཇོག་བྱེད་ལུགས་སྒྲིག་གཞི།
ཅིའི་ཕྱིར།
- ཁྱེད་རང་གི་གདམ་ཀ་ཤེས་རྒྱུ། བཀག་འཇོག་བྱེད་ཆོག་པ་སེ་དང་ཁྱེད་ཀྱི་ལས་ཀ་བྱ་ཡུལ་ཐག་ཉེར་སྣུམ་འཁོར་བཀག་འཇོག
- ཁྱེད་ཀྱི་འགྲུལ་སྐྱོད་ཆེད་དུ་འཆར་གཞི་འདིང་རྒྱུ། སེམས་འཚབ་ཇེ་ཆུང་དུ་གཏོང་རྒྱུ་དང་ཁོང་ཁྲོའི་མཚར་སྣང་ཚད་འཛིན་བྱ་རྒྱུ།
- སྣུམ་འཁོར་བཀག་འཇོག་ཉེས་ཆད་ (tickets)གཡོལ་ཐབས་བྱ་རྒྱུ། ཡུལ་མི་གནས་སྡོད་ས་ཆའི་དམིགས་བཀར་སྣུམ་འཁོར་བཀག་འཇོག་སྒྲིག་གཞི་དང་། ཁ་བ་འབབ་དུས་ཛ་དྲག་གནས་སྟངས། དགུན་ཁའི་ སྲང་ལམ་གཡས་གཡོན་སྣུམ་འཁོར་བཀག་འཇོག་བྱེད་སྟངས་བཅས་རྒྱུས་ལོན་བྱ་རྒྱུ།
- ཐབས་ལམ་གཞན་པ་འཚོལ་རྒྱུ། མལ་ཌི་སིན་མེ་ཊི་རོ་ (Madison Metro) དང་གྲོང་ཁྱེར་གྱི་རྐང་འཁོར་ལྕགས་རྟ་ཞོན་ལམ་ དང་གནས་ཚུལ་ཐོན་ཁུངས།
ཇི་ལྟར།
- ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན།
- མལ་ཌི་སིན་གྲོང་ཁྱེར།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་སྐྱེལ་འདྲེན་ལས་ཁུངས་ (Transportation Services) ཤེས་རྟོགས་བྱ་རྒྱུ (སློབ་ཆེན་གྱི་ས་ཁུལ་སྣ་ཚོགས)
མལ་ཌི་སིན་གྲོང་ཁྱེར་སྣུམ་འཁོར་བཀག་འཇོག་རོགས་རམ་ཆེད་དུ་གཤམ་གསལ་ཁག་ལ་ཁ་པར་གཏོང་རྒྱུ།
- སྣུམ་འཁོར་བཀག་འཇོག་སྒྲིག་གཞི་ལག་ལེན་གནད་དོན་(སྒྲིག་འགལ)ཆེད་དུ་ཨང་གྲངས་ ༦༠༨ ༢༦༦ ༤༢༧༥
- སྣུམ་འཁོར་བཀག་འཇོག་ཉེས་ཆད་ (tickets) ཆེད་དུ་ཨང་གྲངས་ ༦༠༨ ༢༦༦ ༤༡༧༠
- སྣུམ་འཁོར་བཀག་འཇོག་པ་སེ་ཆེད་དུ་ཨང་གྲངས་ ༦༠༨ ༢༦༦ ༤༧༦༡
ཕན་ཐོགས་ཅན་གྱི་གནས་ཚུལ་ཐོན་ཁུངས།
This is an accordion element with a series of buttons that open and close related content panels.
རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་ (“CLS”)
སུ།
ལས་བྱེད་དང་། སྙན་ཞུ་འབུལ་མི། སློབ་ཆེན་གྱི་སྡེ་ཚན་ཡོངས།
ག་རེ།
རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་ [(Cultural Linguistic Services (CLS)] གིས་ལས་བྱེད་དང་སྡེ་ཚན་ཁག་ལ་རྒྱབ་སྐྱོར་ཆེད་དུ་ ལས་རིམ་ ༢ མཁོ་འབུལ་ཞུ་ཡི་ཡོད།
- ལས་ཀ་བྱ་ཡུལ་དུ་སློབ་གཉེར།
- གོ་བདེའི་སྐད་ཡིག་ (Plain language) གི་ཟབ་སྦྱོང་དང་སློབ་སྟོན།
- ལས་ཐོག་ཨིན་ཇི་སྐད་ཡིག་ (Workplace English) འཛིན་གྲྭ་དང་ཟུར་ཁྲིད།
- རྨང་གཞིའི་ཀམ་པུ་ཊར་སྦྱོང་བརྡར།
- ནུས་འཕེར་ཅན་གྱི་འབྲེལ་མོལ་བྱེད་ཕྱོགས་སྐོར་གྱི་ཟབ་སྦྱོང་།
- སྐད་ཡིག་ཞབས་ཞུ།
- ཨིན་ཇི་སྐད་དང་། སི་པན་སྐད། མོང་སྐད། བོད་སྐད། རྒྱ་ནག་སྐད། བལ་པོ་སྐད།
- ཡིག་བསྒྱུར་དང་སྐད་བསྒྱུར།
- སྐད་ཡིག་སྣ་མང་གི་ཟབ་སྦྱོང་དང་གནས་ཚུལ་ངོ་སྤྲོད།
ཅིའི་ཕྱིར།
རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་ (CLS) གིས་གཤམ་གསལ་ཁག་བརྒྱུད་ནས་ལས་ཐོག་འབྲེལ་མོལ་བྱེད་ཐབས་གོང་འཕེལ་གཏོང་གི་ཡོད།
- ཆེད་ལས་དང་གསང་རྒྱ་ཅན་གྱི་སྐད་ཡིག་རོགས་རམ།
- གོ་བདེའི་སྐད་ཡིག་དང་ནུས་འཕེར་ཅན་གྱི་འབྲེལ་མོལ་བྱེད་ཕྱོགས་ཟབ་སྦྱོང་།
- ལས་ཐོག་ཨིན་ཇི་སྐད་ཡིག་འཛིན་གྲྭ་དང་། རྨང་གཞིའི་སྐད་ཡིག་སློབ་ཁྲིད། ཟུར་ཁྲིད།
ག་དུས།
དུས་གང་རུང་།
ཇི་ལྟར།
- ལས་ཐོག་ཨིན་ཇི་སྐད་ཡིག་འཛིན་གྲྭའི་ཆེད་དུ། རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་ (CLS) ལས་ཐོག་འགན་འཛིན་ལ་ ཁ་པར་ ༦༠༨ ༢༦༥ ༦༦༥༡ གམ་ workplace-learning-cls@wisc.edu ལ་འབྲེལ་བ་བྱ་རྒྱུ།
- སྐད་ཡིག་ཞབས་ཞུའི་ཆེད་དུ། རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་ (CLS) སྐད་བསྒྱུར་དང་ཡིག་བསྒྱུར་འགན་འཛིན་ལ་ ཁ་པར་ ༦༠༨ ༨༩༠ ༢༦༢༨ དམ་ translation-interpretation-cls@wisc.eduལ་འབྲེལ་བ་བྱ་རྒྱུ།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་སྐོར་ལ་ཤེས་རྟོགས་མང་དུ་བྱ་རྒྱུ།
སྡེ་ཁག་དབང་པོ་སྐྱོན་ཅན་ལས་དོན་ངོ་ཚབ (“DDR”)
སུ།
ལས་བྱེད་དང་སྙན་ཞུ་འབུལ་མི་ཡོངས།
ག་རེ།
གཤམ་གསལ་ཁོངས་ནས་ནད་མནར་སྨན་བཅོས་དགོངས་པ་ཞུ་བ་དང་ལས་ཐོག་དམིགས་བསལ་མཐུན་རྐྱེན་ཞུ་སྙན་འབུལ་ཕྱོགས་དང་སྟངས་འཛིན་ལ་རོགས་རམ།
- Americans with Disabilities Act (ADA)
- Family & Medical Leave Act (FMLA)
- འབྲེལ་ཡོད་སྲིད་ཇུས།
སྦྱོང་བརྡར་ཐོབ་པའི་སྡེ་ཁག་དབང་པོ་སྐྱོན་ཅན་ལས་དོན་ངོ་ཚབ (DDRs)།
- ཞུ་ཡིག་ཐད་རོགས་རམ།
- ཁྱེད་ལ་བྱ་རིམ་ཐད་ལམ་སྟོན།
- ཁྱེད་ཀྱི་གསང་རྒྱར་སྲུང་སྐྱོབ།
- དགོས་མཁོ་ཡོད་སྐབས་ལས་བྱེད་དབང་པོ་སྐྱོན་ཅན་གནས་ཚུལ་ཐོན་ཁུངས་ (EDR) ལ་འབྲེལ་མཐུད།
ཅིའི་ཕྱིར།
སྡེ་ཁག་དབང་པོ་སྐྱོན་ཅན་ལས་དོན་ངོ་ཚབ་ (DDRs) ཀྱིས་ནད་མནར་སྨན་བཅོས་དང་། དབང་པོ་སྐྱོན་ཅན། ཡང་ན་ཁྱེད་ཀྱིས་ནང་མི་ཞིག་ལ་ལྟ་སྐྱོང་བྱེད་པ་དང་ འབྲེལ་བའི་ལས་ཐོག་དཀའ་ངལ་ཐད་ཁྱེད་ལ་སྐད་ཆ་བཤད་ཆོག
ག་དུས།
- དབང་པོ་སྐྱོན་ཅན་གྱི་རྐྱེན་གྱིས་ཁྱེད་ལ་དུས་ནམ་ཡིན་ལས་ཐོག་མཐུན་རྐྱེན་སྦྱོར་དགོས་དུས།
- ཁྱེད་ཀྱིས་རང་ཉིད་ཀྱི་ནད་མནར་སྨན་བཅོས་ཆེད་དུའམ་ནང་མི་ཞིག་གི་ནད་གཞི་ཚབས་ཆེན་ལ་བརྟེན་ནས་ལྟ་སྐྱོང་བྱེད་པར་དགོངས་པ་ཞུ་དགོས་དུས།
ཇི་ལྟར།
ཁྱེད་ཀྱི་དབང་པོ་སྐྱོན་ཅན་ལས་དོན་ངོ་ཚབ་ DDR མཉམ་དུ་དུས་ཚོད་བཟོ་རྒྱུ།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
- ལས་བྱེད་དབང་པོ་སྐྱོན་ཅན་གནས་ཚུལ་ཐོན་ཁུངས (ལས་བྱེད་ཀྱི་ཆེད་དུ)
- McBurney Disability Resource Center (སློབ་མའི་ཆེད་དུ)
- Onboarding Toolkit
སློབ་ཆེན་འཚམས་འཕྲིན་ WhatsApp བརྡ་འཕྲིན་ཚོགས་པ།
སུ།
ལས་བྱེད་ཡོངས།
ཅིའི་ཕྱིར།
སློབ་ཆེན་འཚམས་འཕྲིན་བརྡ་འཕྲིན་ཚོགས་པ་ (WhatsApp Campus Information Groups) ཡིས་ཨིན་ཇི་སྐད་དང་།
སི་པན་སྐད། མོང་སྐད། བོད་སྐད། རྒྱ་ནག་སྐད། བལ་པོ་སྐད་དུ་གལ་ཆེའི་སློབ་ཆེན་གསར་འཕྲིན་བསྐུར་གཏོང་བྱེད།
ཅིའི་ཕྱིར།
སློབ་ཆེན་འཚམས་འཕྲིན་བརྡ་འཕྲིན་ཚོགས་པ་ (WhatsApp Campus Information Groups) ལ་ཞུགས་ནས་ཁྱེད་ཀྱི་ལག་འཁྱེར་ ཡོ་ཆས་ནང་དུ་འཕྲལ་དུ་གལ་ཆེའི་སློབ་ཆེན་གསར་འཕྲིན་འབྱོར་རྒྱུ།
ག་དུས།
དུས་གང་རུང་།
ཇི་ལྟར།
- ཁྱེད་ཀྱི་ཁ་པར་རམ་ཊབ་ལེབ་ (tablet) ནང་དུ་འཚམས་འཕྲིན་WhatsApp ཕབ་ལེན་གནང་རྒྱུ།
- རོགས་པ་དགོས་སམ། རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་ CLS དྲ་ཚིགས་ཀྱི་ལམ་སྟོན་ལྟར་འགྲོ་རྒྱུ།
- ཁྱེད་ཀྱི་འཚམས་འཕྲིན་ WhatsApp འབྲེལ་གཏུག་མིང་ཐོ་ནང་དུ་ཁ་པར་ཨང་ ༦༠༨ ༥༡༤ ༢༨༧༤ སྣོན་རྒྱུ།
- ཁ་པར་ཨང་ ༦༠༨ ༥༡༤ ༢༨༧༤ ནི་སློབ་ཆེན་གྱི་འཚམས་འཕྲིན་བརྡ་འཕྲིན་ཚོགས་པ་ (WhatsApp Campus Information Groups) ཡི་ཨང་གྲངས་ཡིན།
- ཁ་པར་ཨང་ ༦༠༨ ༥༡༤ ༢༨༧༤ ལ་འཚམས་འཕྲིན་ WhatsApp གྱི་འཕྲིན་ཐུང་ཞིག་གི་མཉམ་དུ་གཤམ་འཁོད་ཁྱེད་ཀྱི་གནས་ཚུལ་ བསྐུར་རྒྱུ།
-
- རང་མིང་དང་རུས་མིང་།
- སྡེ་ཚན།
- གསར་འཕྲིན་བསྐུར་ཡུལ་རང་མོས་སྐད་ཡིག
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
རིག་གཞུང་དང་སྐད་ཡིག་ཞབས་ཞུ་ཁང་ CLS ལ་ info-cls@wisc.edu ལ་གློག་འཕྲིན་བསྐུར་རྒྱུ།
ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་ལས་བྱེད་ཚོའི་སློབ་ཆེན་འཚམས་འཕྲིན་བརྡ་འཕྲིན་ཚོགས་པ་ནས་ཤེས་རྟོགས་མང་དུ་གནང་རྒྱུ།
ཆེད་ལས་ཡར་རྒྱས།
སུ།
ལས་བྱེད་ཡོངས།
ག་རེ།
ཆེད་ལས་ཡར་རྒྱས་ (Professional development) གོ་སྐབས་ཀྱིས་ཁྱེད་རང་ཡར་རྒྱས་དང་ཇེ་ལེགས་གཏོང་བ། ལག་རྩལ་ཉར་འཛིན་གྱིས་ཁྱེད་ཀྱི་ འཚོ་ཐབས་ཁྱད་ལས་གོང་འཕེལ་འགྲོ་བར་རམ་འདེགས་བྱེད།
- རིན་མེད་དམ་རིན་གོང་ཆུང་བའི་སློབ་ཚན་དང་། བགྲོ་གླེང་ཚོགས་ཆེན། དྲ་ལམ་ཟབ་སྦྱོང་། བྱེད་སྒོ་གཞན་པ་སྟོང་ཕྲག་ལྷག་འཚོལ་ཞིབ་བྱ་རྒྱུ།
- འཚོ་ཐབས་ཁྱད་ལས་སློབ་སྟོན་པས་ཁྱེད་ལ་ཆེད་ལས་ཡར་རྒྱས་ཐད་ཀྱི་གནས་ཚུལ་ཐོན་ཁུངས་དང་འཚོ་ཐབས་ཁྱད་ལས་ཐབས་ལམ་འཚོལ་རོགས་ བྱེད་ཐུབ།
ཅིའི་ཕྱིར།
ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གྱིས་ཚོགས་སྡེ་དམིགས་ཡུལ་བཟུང་ཞིང་སློབ་ཆེན་ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབ་རྒྱུའི་མཚོན་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་དུ་ཁྱབ་འཕགས་འདོན་པར་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་པར་འབད་བརྩོན་བྱེད་ཀྱི་ཡོད།
ཁྱེད་ལ་སློབ་ཚན་དང་། བགྲོ་གླེང་ཚོགས་འདུ། བགྲོ་གླེང་ཚོགས་ཆེན། དྲ་ལམ་ཟབ་སྦྱོང་། བྱེད་སྒོ་སྟོང་ཕྲག་ལྷག་ལ་ལོ་རེར་ཞུགས་རྒྱུའི་གོ་སྐབས་ཡོད།
ག་དུས།
མི་དངོས་ཆེད་སྐྱོད་དང་། དྲ་ལམ། འཕྲལ་དགོས་ཆེད་ལས་ཡར་རྒྱས་ལ་དུས་ནམ་ཡིན་ཐོ་འགོད་གནང་རྒྱུ།
ཇི་ལྟར།
ཁྱེད་ཀྱི་ཆེད་ལས་ཡར་རྒྱས་གོ་སྐབས་མང་པོའི་སྐོར་ཤེས་རྟོགས་གནང་རྒྱུ།
- སློབ་ཚན – ང་ཚོའི་སློབ་ཚན་ཐོ་གཞུང་བརྒྱུད་ནས་སློབ་ཚན་འཚོལ་ཞིབ་དང་ཐོ་འགོད་གནང་རྒྱུ།
- ལས་རིམ – ལས་རིམ་རྣམས་འབྲེལ་ཡོད་ཕྲེང་བསྟར་སློབ་ཚན་ནམ་བྱེད་སྒོ་ཁག་ཅིག་ཡིན། སློབ་ཚན་ལོགས་སུ་ལེན་པའམ་ཆ་ཚང་ལ་ཞུགས་པའི་ ངོས་སྦྱོར་ལག་འཁྱེར་ལེན་ཆེད་ཕྲེང་བསྟར་སློབ་ཚན་ཆ་ཚང་ལེན་རྒྱུ།
- བགྲོ་གླེང་ཚོགས་ཆེན – བགྲོ་གླེང་ཚོགས་ཆེན་ནི་ཐུན་མོང་བརྗོད་གཞི་གཙོ་བཟུང་བྱེད་པའི་ཉིན་ ༡ གམ་ཡང་ན་ཉིན་འགའི་སློབ་སྦྱོང་གོ་སྐབས་ ཤིག་ཡིན།
- འཚོ་ཐབས་ཆེད་ལས་བློ་འདྲི –ཁྱེད་ཀྱི་ཆེད་ལས་ཡར་རྒྱས་དམིགས་ཚད་དང་འཚོ་ཐབས་ཁྱད་ལས་ཐབས་ལམ་འཚོལ་ཞིབ་དང་། འཆར་འགོད། སྟངས་འཛིན་བྱེད་པར་རིན་མེད་དང་གསང་རྒྱ་ཅན་གྱི་འཚོ་ཐབས་ཆེད་ལས་བློ་འདྲི་པར་ཐུག་རྒྱུ།
- ལག་ལེན་ཚོགས་སྡེ་ (Communities of Practice) – དམིགས་བསལ་དོ་སྣང་ངམ་སྤྲོ་བ་གཅིག་མཚུངས་ཡོད་པའི་ཝི་སི་ཀོན་སིན་ གཙུག་ལག་སློབ་ཆེན་གྱི་ལས་བྱེད་ཚོགས་པ་ཞིག་ལ་ཞུགས་རྒྱུ། ཚོགས་པ་དང་རྒྱུན་དུ་ངོ་འཛོམས་ཀྱིས་མཉམ་གཅིག་ཏུ་སློབ་སྦྱོང་གནང་རྒྱུ།
- འཚོ་ཐབས་ཆེད་ལས་སློབ་སྟོན – མི་སྒེར་དང་ཆེད་ལས་ཡར་རྒྱས་ལ་དུས་ནས་དུས་སུ་རྒྱབ་སྐྱོར་དང་གོང་འཕེལ་ཆེད་དུ་འཚོ་ཐབས་ཆེད་ལས་སློབ་ སྟོན་པར་ཐུག་རྒྱུ།
- LinkedIn སློབ་གཉེར – ང་ཚོའི་ LinkedIn Learning Career Hub འཚོ་ཐབས་ཆེད་ལས་སློབ་གཉེར་ལྟེ་གནས་ནས་དྲ་ལམ་ ཆེད་ལས་སློབ་ཚན་སྟོང་ཕྲག་འཚོལ་ཞིབ་གནང་རྒྱུ།
- ཁྱེད་ཀྱི་འཚོ་ཐབས་ཆེད་ལས་བཟོ་འདོན་གནང་རྒྱུ།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
registrations2@ohr.wisc.edu ལ་གློག་འཕྲིན་བསྐུར་རྒྱུ།
ལས་བྱེད་རོགས་འདེགས་ལས་རིམ།
སུ།
- ཞིབ་འཇུག་སློབ་མའི་ལས་བྱེད་ཚུད་པའི་ལས་བྱེད་ཡོངས་དང་ཁོ་ཚོའི་མཉམ་དུ་གནས་སྡོད་བྱེད་མཁན་ནང་མི་དར་མ་རྣམས་ཀྱིས་ལས་བྱེད་རོགས་ འདེགས་ལས་ཁང་ Employee Assistance Office (EAO)བེད་སྤྱོད་བྱེད་ཆོག
- ཞིབ་འཇུག་སློབ་མའི་ལས་བྱེད་ཚུད་པའི་ལས་བྱེད་ཡོངས་ཀྱིས་ཨོམ་བྷ་ཛི་ཡིག་ཚང་Ombuds Office བེད་སྤྱོད་བྱེད་ཆོག
- ལས་བྱེད་དང་ཁོ་ཚོའི་མཉམ་དུ་སྡོད་མཁན་མི་ཡིས་ LifeMattersབེད་སྤྱོད་བྱེད་ཆོག་པ་ལས་ཞིབ་འཇུག་སློབ་མའི་ལས་བྱེད་དང་ཆུ་ཚོད་ལྟར་གྱི་སློབ་ཕྲུག་ལས་མི་གཉིས་ཀས་བེད་སྤྱོད་བྱེད་མི་ཆོག
- ཆུ་ཚོད་ལྟར་གྱི་སློབ་ཕྲུག་ལས་མིས་ (དང་ཞིབ་འཇུག་སློབ་མའི་ལས་བྱེད་ཀྱིས་བེད་སྤྱོད་བྱེད་ཆོག) གཙུག་ལག་སློབ་ཆེན་འཕྲོད་བསྟེན་ཞབས་ཞུའི་ སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་ (Health Services Mental Health Services) བེད་སྤྱོད་བྱེད་དགོས།
ག་རེ།
ལས་རིམ་དག་གིས་ལས་བྱེད་ཀྱི་བདེ་ཐང་ལ་རོགས་སྐྱོར་བྱེད།
- ལས་བྱེད་རོགས་འདེགས་ལས་ཁང་ EAO གིས་གཤམ་གསལ་མཁོ་འབུལ་བྱེད།
- ལས་ཀ་དང་མི་སྒེར་དཀའ་ངལ་ཆེད་དུ་རིན་མེད་དང་གསང་རྒྱ་ཅན་གྱི་བློ་འདྲི་དང་སློབ་སྟོན།
- དྲ་ལམ་དང་མི་དངོས་ངོ་ཐུག་ཐོག་ནས་ཐུག་ཆོག་པའི་ཉམས་མྱོང་ཅན་དང་ཆོག་མཆན་ལག་འཁྱེར་ཡོད་པའི་བློ་འདྲི་པ།
- ཨོམ་བྷ་ཛི་ཡིག་ཚང་ Ombuds Office གིས་ལས་ཀ་བྱ་ཡུལ་དུ་དྲང་བདེན་ཡོང་ཐབས་དང་གཤམ་གསལ་མཁོ་འབུལ་བྱེད།
- ལས་ཀའི་དཀའ་ངལ་ལ་རིན་མེད་དང་གསང་རྒྱ་ཅན་གྱི་རོགས་རམ།
- སློབ་སྟོན་པས་ (སློབ་ཆེན་ཡོངས་སུ་ལོ་མང་པོའི་ཉམས་མྱོང་ཡོད་ཅིང་རྒན་ཡོལ་ལ་ཕྱིན་པའི་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གྱི་ དགེ་རྒན་ནམ་ལས་བྱེད་) བྱེད་ཐུབ་པ་ནི།
- སྒེར་ནས་ཁྱེད་ལ་ཐུག་པ།
- རྩོད་རྙོག་འདུམ་འགྲིག་བྱེད་པ།
- ཉེས་ཆད་གཅོད་པའི་ཚོགས་འདུར་ཞུགས་པ།
- LifeMatters ཡིས་མཁོ་འབུལ་བྱེད་པ་ནི།
- ལས་ཀ་དང་མི་སྒེར་དཀའ་ངལ་ཆེད་དུ་རིན་མེད་དང་གསང་རྒྱ་ཅན་གྱི་བློ་འདྲི་དང་སློབ་སྟོན།
- གཙུག་ལག་རབ་འབྱམས་པའི་ཚད་གཞིའི་བློ་འདྲི་པ་ཚོས་བྱེད་ཐུབ་པ་ནི།
- ལོ་རེའི་ཉིན་རེར་ཆུ་ཚོད་ ༢༤ རིང་ཁ་པར་ནས་སྐད་ཆ་བཤད་རྒྱུ།
- ཨ་རི་རྒྱལ་ཡོངས་ནས་ཁྱེད་ཀྱི་ཐག་ཉེ་ཞིག་ནས་བློ་འདྲི་པར་དྲ་ལམ་མམ་མི་དངོས་ངོ་ཐུག་ཐོག་ནས་འབྲེལ་གཏུག་གནང་རྒྱུ།
- ཁྲིམས་ཐོག་དང་དཔལ་འབྱོར་ཐད་ཀྱི་སློབ་སྟོན་དང་། སྟབས་བདེའི་ཞབས་ཞུ། གོང་ཚད་གཅོག་འཕྲི་ལས་རིམ།
ཅིའི་ཕྱིར།
ཁྱེད་རང་སྐྱིད་པོ་དང་བདེ་ཐང་ཡིན་པ་དང་། ཁྱེད་ཀྱི་མི་སྒེར་འཚོ་བ་དང་གཞུང་དོན་བྱ་བར་རྒྱབ་སྐྱོར་ཡོད་སྐབས་ཁྱེད་ཀྱིས་ལས་ཀ་ཡག་ཤོས་བྱེད་ཀྱི་ཡོད།
ག་དུས།
ལས་བྱེད་རོགས་འདེགས་ལས་ཁང་ EAO དང་ཨོམ་བྷ་ཛི་ཡིག་ཚང་ Ombuds Offices ནི་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་སྒོ་ཕྱེས་ཡོད་སྐབས་ དུས་ནམ་ཡིན་ལ་ཡོད།
LifeMatters ཞབས་ཞུ་ནི་ལོ་རེའི་ཉིན་རེར་ཆུ་ཚོད་ ༢༤ རིང་ཡོད།
ཇི་ལྟར།
- ལས་བྱེད་རོགས་འདེགས་ལས་ཁང་ EAO ། ༦༠༨ ༢༦༣ ༢༩༨༧ ལ་ཁ་པར་གཏོང་བའམ་ eao@mailplus.wisc.edu ལ་གློག་འཕྲིན་བསྐུར་རྒྱུ།
- ཨོམ་བྷ་ཛི་ཡིག་ཚང་ Ombuds Office ། uwombuds@mailplus.wisc.edu ལ་གློག་འཕྲིན་བསྐུར་རྒྱུ།
- LifeMatters ། ༨༠༠ ༦༣༤ ༦༤༣༣ ལ་ཁ་པར་གཏོང་རྒྱུ།
- ༡། དྲ་ཚིགས་ https://eap.mylifematters.com/login ལ་གཟིགས་རྒྱུ།
- ༢། ལས་ཁུངས་ཀྱི་གསང་ཚིག་ Bucky1 བེད་སྤྱོད་བྱ་རྒྱུ།
- ༣། ཁྱེད་ཀྱིས་ཀྱང་རིན་མེད་མི་སྒེར་ཐོ་ཁོངས་བཟོ་ཆོག
སྤྲོ་གསེང་ལུས་སྦྱོང་དང་བདེ་ཐང་ (Rec Well)
སུ།
ལས་འཕེར་ཅན་གྱི་ཝི་སི་ཀི་ཀར་ཌི་ Wiscard ཡོད་པའི་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ལས་བྱེད་ཡོངས་ཀྱིས་ཚོགས་མིའི་ཐོབ་ཐང་ཉོ་ཆོག
ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་དུ་སློབ་ཞུགས་བྱས་པའི་དངོས་གཞི་དང་ཞིབ་འཇུག་སློབ་མ་ཡོངས་ལ་ཁོ་ཚོའི་ཟུར་བཀར་འབུལ་འབབ་སྤྲོད་པ་བརྒྱུད་ནས་ ཚོགས་མིའི་ཐོབ་ཐང་རག་གི་ཡོད།
ག་རེ།
ལས་བྱེད་ཚོས་སློབ་ཆེན་ཁྱོན་ཡོངས་ཀྱི་སྤྲོ་གསེང་ལུས་སྦྱོང་ཁང་ (gyms) ༣ བེད་སྤྱོད་བྱེད་པར་སྤྲོ་གསེང་ལུས་སྦྱོང་དང་བདེ་ཐང་ Rec Well ཚོགས་མིའི་ཐོབ་ཐང་ཉོ་ཆོག
- Nicholas Recreation Center – སློབ་ཆེན་གྱི་ལྷོ་ཤར་དང་ Kohl Center ཉེ་འགྲམ་དུ་ཡོད།
- Bakke Recreation & Wellbeing Center – སློབ་ཆེན་གྱི་ནུབ་ངོས་དང་མཚོ་ཁའི་ཉལ་ཁང་ Lakeshore Dorms ཉེ་འགྲམ་དུ་ཡོད།
- Nielsen Tennis Stadium – སློབ་ཆེན་གྱི་ཆེས་ནུབ་ངོས་དང་ UW Hospital ཉེ་འགྲམ་དུ་ཡོད།
སྤྲོ་གསེང་ལུས་སྦྱོང་ཁང་གིས་མཁོ་འབུལ་བྱེད་པ་ནི།
- ཆུ་རྐྱལ་རྫིང་བུ་ ༢ དང་། ཕྱི་ནང་གཉིས་ཀའི་དྲ་གྲུག་ཊེ་ནེ་སི tennis ། སྙིང་དབུགས་འགུལ་སྐྱོད་དང་ཤུགས་སྐྱེད་འཕྲུལ་ཆས། སྤྱོད་མང་ཅན་གྱི་ གྲུག་རྩེད་རྭ་བ་དང་སྦྱོང་བརྡར་ཁང་། འཁྱག་ཤུད་ཐང་ཆེན། བསྐུ་མཉེ་གསོ་བཅོས། སློབ་ཁྲིད་ཐབ་ཚང་། སྒོམ་སྒྲུབ་ཉམས་ལེན་ས་ཆ།
- མི་སྒེར་སྦྱོང་བརྡར་དང་། མི་ཚོགས་བདེ་ཐང་འཛིན་གྲྭ། སློབ་ཆེན་ནང་ཁུལ་ལུས་རྩལ་བྱེད་སྒོ། སློབ་ཚན། བདེ་ཐང་ཞབས་ཞུ་བཅས་ཞབས་ཞུ་གཞན་པ།
ཅིའི་ཕྱིར།
སྤྲོ་གསེང་ལུས་སྦྱོང་དང་བདེ་ཐང་ Rec Well ཁང་དུ་ང་ཚོས་ཁྱེད་རང་ལུས་ཕུང་བདེ་ཐང་ཡོང་ཐབས་ཀྱི་ལམ་གང་ཞིག་ཏུ་སྐྱོད་སྐབས་ཁྱེད་དང་ཁྱེད་ཀྱི་བདེ་ཐང་ དམིགས་ཡུལ་འགྲུབ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱལ་ཡོངས་ལ་སྐད་གྲགས་ཡོད་པའི་ང་ཚོའི་ལུས་སྦྱོང་ཁང་དང་ཞབས་ཞུ་དག་གིས་ཁྱེད་རང་སྔར་ལས་ཀྱང་ལུས་སྟོབས་ཆེ་ཞིང་བདེ་ཐང་ཡོང་བ་དང་། རང་ཉིད་ལྟ་སྐྱོང་བྱེད་ཐབས་ཇེ་ལེགས། ཚོགས་སྡེའི་ཁོངས་མི་ཡིན་པའི་ཚོར་བ་སྟེར་བ་བཅས་ཀྱི་རོགས་རམ་བྱེད།
ག་དུས།
ཁྱེད་ཀྱིས་ཚོགས་མིའི་ཐོབ་ཐང་དང་ཡང་ན་ཞབས་ཞུ་ཁག་དྲ་ལམ་མམ་སྤྲོ་གསེང་ལུས་སྦྱོང་དང་བདེ་ཐང་ཁང་གང་རུང་དུ་མི་དངོས་ཆེད་སྐྱོད་ཀྱིས་ཉོ་ཆོག འོས་ཆོས་ཚང་བའི་ལས་བྱེད་ཚོས་ཁང་ཁུངས་ལ་གཟིགས་སྐོར་དང་བདུན་ཕྲག་གཅིག་ལ་རིན་མེད་ཚོད་ལྟ་བྱེད་པའི་རེ་སྐུལ་ཞུ་ཆོག
ཇི་ལྟར།
- སྤྲོ་གསེང་ལུས་སྦྱོང་དང་བདེ་ཐང་ Rec Well དྲ་ཚིགས་ནས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་གནང་རྒྱུ།
- དྲ་ལམ་ནས་ཚོགས་མིའི་ཐོབ་ཐང་ལ་ཐོ་འགོད་གནང་རྒྱུ།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
hello@recwell.wisc.edu ལ་གློག་འཕྲིན་བསྐུར་རྒྱུ།
ཝི་སི་ཀོན་སིན་བདེ་ཐང་ལས་རིམ (Well Wisconsin Program)
སུ།
ཝི་སི་ཀོན་སིན་མངའ་སྡེའི་ལས་བྱེད་དང་། རྒས་ཡོལ་མི་སྣ། ཁོ་ཚོའི་བཟའ་ཟླ་ཡོངས།
ག་རེ།
ཝི་སི་ཀོན་སིན་བདེ་ཐང་ Well Wisconsin ནི་ཝི་སི་ཀོན་སིན་མངའ་སྡེ་དང་ WebMD ཡི་དྲ་ལམ་འཕྲོད་བསྟེན་ལས་རིམ་ཞིག་རེད།
- ཁྱེད་དང་ཁྱེད་ཀྱི་བཟའ་ཟླས་ཐོ་འགོད་བྱེད་ཆོག
- ཝི་སི་ཀོན་སིན་བདེ་ཐང་ Well Wisconsin གིས་ཁྱེད་ལ་བདེ་ཐང་དམིགས་ཡུལ་བཟོ་འགོད་དང་། མདུན་སྐྱོད་རྗེས་འདེད། བདེ་ཐང་ཡོང་ཐབས་ སློབ་སྦྱོང་བྱེད་པར་རོགས་རམ་བྱེད་ཐུབ།
ཅིའི་ཕྱིར།
ཝི་སི་ཀོན་སིན་བདེ་ཐང་ Well Wisconsin གིས་ཕན་ཐོགས་ཅན་གྱི་གནས་ཚུལ་སྤྲོད་ཅིང་ཁྱེད་ཀྱི་བདེ་ཐང་དམིགས་ཡུལ་འགྲུབ་པར་སེམས་ཤུགས་སྤར་ཐུབ།
ཝི་སི་ཀོན་སིན་བདེ་ཐང་ལས་རིམ་ Well Wisconsin Program སྐོར་ཤེས་རྟོགས་མང་དུ་གནང་རྒྱུ།
ག་དུས།
དུས་གང་རུང་།
ཇི་ལྟར།
- ༡། ཝི་སི་ཀོན་སིན་བདེ་ཐང་ལས་རིམ་ Well Wisconsin Program སྒྲ་བརྙན་ལ་གཟིགས་རྒྱུ།
- ༢། ཝི་སི་ཀོན་སིན་བདེ་ཐང་ Well Wisconsin དྲ་ཤོག་སྟེང་འགྲོ་རྒྱུའམ་ཡང་ན་ App Store འམ་ Google Play བརྒྱུད་ནས་Wellness At Your Side བཀོལ་ཆས་ཕེབ་ལེན་གནང་རྒྱུ།
- ༣། ཨང་རྟགས་འདི་བརྒྱུད་ནས་ཐོ་འགོད་གནང་རྒྱུ། SOWI
གནས་ཚུལ་རྒྱས་པ་གཟིགས་རྒྱུ། Well Wisconsin Flyer Registration
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
- དྲ་ཚིགས་ WebMD ལ་བལྟ་རྒྱུའམ་ ༡-༨༠༠-༨༢༡-༦༥༩༡ ཁ་པར་གཏོང་རྒྱུ།
- ཝི་སི་ཀོན་སིན་བདེ་ཐང་ Well Wisconsin དྲ་ཚིགས་ལ་གཟིགས་རྒྱུ།
བདེ་ཐང་བྱ་དགའི་དངུལ་འབབ (Wellness Incentive)
སུ།
ཝི་སི་ཀོན་སིན་མངའ་སྡེ་ཡི་མངའ་སྡེའི་རྒུ་རོབ་འཕྲོད་བསྟེན་ལྟ་སྐྱོང་འགན་སྲུང་ State Group Health Insurance ཁོངས་སུ་ཞུགས་མཁན་དང་ ཨ་རིར་གནས་སྡོད་ཁ་བྱང་ཡོད་མཁན་ལས་བྱེད་དང་། རྒན་ཡོལ་མི་སྣ། ཁོ་ཚོའི་བཟའ་ཟླ་རྣམས།
གལ་ཏེ་ཁྱེད་ཀྱི་སྡོད་གནས་ཁ་བྱང་ཨ་རིའི་ཕྱི་ལོགས་ན་ཡོད་ཚེ། ཁྱེད་ཀྱིས་ WebMD བརྒྱུད་ནས་དྲ་ལམ་གྱི་ཝི་སི་ཀོན་སིན་བདེ་ཐང་ Well Wisconsin གནས་ཚུལ་ཐོན་ཁུངས་སྤྱོད་ཆོག འོན་ཀྱང་སྒོར་ ༡༥༠ ཡི་བདེ་ཐང་བྱ་དགའི་དངུལ་འབབ་ཐོབ་ཀྱི་མེད།
ག་རེ།
གལ་ཏེ་ཁྱེད་ལ་གཤམ་གསལ་ཆ་རྐྱེན་ཚང་ཚེ་ཁྱེད་དང་ཁྱེད་ཀྱི་བཟའ་ཟླ་རེ་རེར་ལོ་རེར་བདེ་ཐང་བྱ་དགའི་དངུལ་འབབ་(སྒོར་ ༡༥༠ བར) ཐོབ་ཐུབ།
- མངའ་སྡེའི་རྒུ་རོབ་འཕྲོད་བསྟེན་ལྟ་སྐྱོང་འགན་སྲུང་ State Group Health Insurance ཁོངས་སུ་ཞུགས་རྒྱུ། ད་དུང་
- དགོས་འདུན་བླང་བྱ་ ༣ ལེགས་འགྲུབ་བྱ་རྒྱུ། དེ་ཡང་འཕྲོད་བསྟེན་བརྟག་དཔྱད། འཕྲོད་བསྟེན་གནས་ཚུལ་དཔྱད་ཞིབ (assessment) ། བདེ་ཐང་བྱེད་སྒོ་བཅས།
ཅིའི་ཕྱིར།
ཁྱེད་ལ་དགོས་འདུན་བླང་བྱ་ ༣ (འཕྲོད་བསྟེན་བརྟག་དཔྱད། འཕྲོད་བསྟེན་གནས་ཚུལ་དཔྱད་ཞིབ། བདེ་ཐང་བྱེད་སྒོ་)ལེགས་འགྲུབ་བྱས་རྗེས་སྒོར་ ༡༥༠ ཅན་གྱི་སྔ་སྤྲོད་དངུལ་དོད་ཀར་ཌི་ (prepaid card) ཞིག་ཐོབ་ཐུབ། ཐུགས་སྣང་། འདི་ནི་དཔྱ་ཁྲལ་བསྡུ་འབབ་ཡོང་འབབ་ཡིན།
ག་དུས།
ཝི་སི་ཀོན་སིན་བདེ་ཐང་ Well Wisconsin དྲ་ངོས་ནས་དུས་བཀག་ཟླ་ཚེས་དང་ཐོ་འགོད་གནས་ཚུལ་རྒྱས་པར་གཟིགས་རྒྱུ།
གལ་ཏེ་ཁྱེད་རང་ལས་བྱེད་གསར་པ་ཡིན་པ་དང་སྟོན་ཁར་མངའ་སྡེའི་རྒུ་རོབ་འཕྲོད་བསྟེན་ལྟ་སྐྱོང་འགན་སྲུང་ State Group Health Insurance ཁོངས་སུ་ཞུགས་རྒྱུའི་འོས་ཆོས་ཚང་ཚེ། ལོ་ཐོ་ལྟར་གྱི་ཕྱི་ལོ་བར་དུ་ཁྱེད་ལ་ཕལ་ཆེར་ཝི་སི་ཀོན་སིན་བདེ་ཐང་བྱ་དགའི་དངུལ་འབབ་ལེན་རྒྱུར་ཆ་རྐྱེན་ཚང་གི་མེད།
ཇི་ལྟར།
ཝི་སི་ཀོན་སིན་བདེ་ཐང་Well Wisconsin སྐོར་ལ་གསར་པ་ཡིན་ནམ། ཐོ་ཁོངས་ཁ་འབྱེད་ལ་ཐོ་འགོད་ཇི་ལྟར་ཇི་ལྟར་བྱེད་ཚུལ་ཤེས་རྟོགས་གནང་རྒྱུ།
ཁྱེད་ཀྱི་ཝི་སི་ཀོན་སིན་བདེ་ཐང་ Well Wisconsin དྲ་ངོས་ལ་བལྟ་བ་དང་། འཕྲོད་བསྟེན་གནས་ཚུལ་དཔྱད་ཞིབ་དང་། འཕྲོད་བསྟེན་བརྟག་དཔྱད། བདེ་ཐང་ བྱེད་སྒོ་བཅས་ལེགས་འགྲུབ་བྱས་ཏེ་སྒོར་ ༡༥༠ ཅན་གྱི་སྔ་སྤྲོད་དངུལ་དོད་ཀར་ཌི་ལེན་རྒྱུ།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
- མལ་ཌི་སིན་ཁེ་ཕན་ཐོབ་ཐང་ལས་ཁུངས་ Madison Benefits Services benefits@ohr.wisc.eduལ་གློག་འཕྲིན་ བསྐུར་རྒྱུ།
- ཝི་སི་ཀོན་སིན་བདེ་ཐང་ཐོ་ཁོངས་ Well Wisconsin account དྲ་ཤོག་གི་འོག་ཞབས་ན་ཡོད་པའི་རྒྱུན་འདྲིའི་དྲི་བར་ (FAQ) གཟིགས་རྒྱུ།།
ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན)།
སུ།
ལས་བྱེད་ཡོངས།
ཅི་ཞིག
- ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་སྒྲིག་འཛུགས་གྲུབ་ཚུལ་རེའུ་མིག
- Working at UW (ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་དུ་ལས་ཀ་བྱེད་པ།)
- New Employee Orientation (NEO) (ལས་བྱེད་གསར་པར་རྒྱུས་སྟོན་སྦྱོང་བརྡར)
- ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)ལ་གཟིགས་སྐོར།
- འགྲེལ་བཤད་ཅན་གྱི་རང་ངོས་ལམ་སྟོན་གཟིགས་སྐོར་ (ཆུ་ཚོད་སྐར་མ་ ༦༠) དང་དྲ་ལམ་གཟིགས་སྐོར།
- UW Rental Guide (ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གླ་གཏོང་ལམ་སྟོན།)
- UW Childcare ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་བྱིས་སྐྱོང་གནས་ཚུལ་ཐོན་ཁུངས།
- ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ཆག་ཡང།
ཅིའི་ཕྱིར།
- ཁྱེད་ཀྱི་ཚོགས་སྡེ་དང་། ལས་ཀ་དང་གནས་སྡོད་བྱེད་པར་ད་ཡོད་གནས་ཚུལ་ཤེས་རྟོགས་བྱ་རྒྱུ།
- སློབ་ཆེན་གྱི་ཆགས་ཚུལ་དང་། གནས་སྟངས། འཛིན་སྐྱོང་སྐོར་རྒྱུས་ལོན་བྱ་རྒྱུ།
- གདེང་ཚོད་ཡིད་ཆེས་བསྐྲུན་རྒྱུ། ཁྱེད་ཀྱི་ལས་ཀ་བྱ་ཡུལ་གྱིས་ཁྱེད་ལ་འབྲེལ་མཐུད་དང་། གནས་ཚུལ་སྤྲོད་པ། གྲ་སྒྲིག་བྱེད་པ་བཅས་ལ་རོགས་རམ་ བྱེད་པ་ཤེས་རྟོགས་བྱ་རྒྱུ།
ག་དུས།
དུས་གང་རུང་།
ཇི་ལྟར།
- ལས་བྱེད་གསར་པ་རྒྱུས་སྟོན་སྦྱོང་བརྡར་ལ་མིང་ཐོ་འགོད་རྒྱུ།
- ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གྱི་ཆག་ཡང་ལེན་རྒྱུ།
རོགས་རམ་དང་དྲ་ལམ་གནས་ཚུལ་ཐོན་ཁུངས།
ཁྱེད་ཀྱི་ལྟ་རྟོག་པའམ་ཡང་ན་ཁྱེད་ཀྱི་འབྲེལ་ཡོད་སྡེ་ཁག་ལས་བྱེད་བདག་གཉེར་ཡིག་ཚང་ལ་ཁ་པར་གཏོང་བའམ་གློག་འཕྲིན་བསྐུར་རྒྱུ།
སྐད་ཡིག་རོགས་རམ།
གཤམ་གསལ་སྐད་ཡིག་ཁག་གི་རོགས་རམ་དགོས་ཚེ། རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་ Cultural Linguistic Services ལ་འབྲེལ་བ་ གནང་རོགས།